86654

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:57, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྟུང་བ་བཤགས་པ་དངོས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བ་བཤགས་པ་དངོས་ལ་བསྙེན་པར་མ་རྫོགས་པ་རྣམས་ཀྱི་ལྟུང་བ་བཤགས་ཚུལ་དང་། བསྙེན་པར་རྫོགས་པ་རྣམས་ཀྱི་ལྟུང་བ་བཤགས་ཚུལ་གཉིས་ཡོད་པའི་ཕྱིར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་ལྟུང་བ་བཤགས་པ་དངོས་བཤད་དུ་ཡོད་དེ། བསྙེན་པར་མ་རྫོགས་པ་རྣམས་ཀྱི་ལྟུང་བ་བཤགས་ཚུལ་དང་། བསྙེན་པར་རྫོགས་པ་རྣམས་ཀྱི་ལྟུང་བ་བཤགས་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཡུལ་གང་ལ་བཤགས་པ། རྟེན་གང་གིས་བཤགས་པ། དངོས་པོ་གང་བཤགས་པ། ཆོ་ག་ཇི་ལྟ་བུས་བཤགས་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཆོས་བརྒྱད་ལྡན་གྱི་དགེ་སློང་གི་མདུན་དུ་བཤགས་པར་བྱ་བ་ཡིན་པའི་ཕྱིར། ཆོས་བརྒྱད་ཡོད་དེ། བཤགས་ཡུལ་ཐུན་མོང་བ་བདུན་གྱི་སྟེང་དུ་ལྟུང་བ་མིང་རིགས་མཐུན་པས་མ་གོས་པ་གཅིག་དགོས་པའི་ཕྱིར། གཉིས་པ་ཡོད་དེ། བསྙེན་པར་མ་རྫོགས་པའི་རབ་བྱུང་གི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། བསམ་པ་རང་བཞིན་དུ་གནས་པ་དེས་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། བཤགས་བྱའི་ཉེས་བྱས་ཡིན་པ། བདག་གི་རྒྱུད་དང་འབྲེལ་བར་ཡོད་པ། ངོ་བོ་ཤེས་ཤིང་དྲན་པར་ནུས་པ་དེ་བཤགས་པར་བྱ་བ་ཡིན་པའི་ཕྱིར། བསྙེན་པར་མ་རྫོགས་པའི་རབ་བྱུང་རྣམས་ཀྱི་ལྟུང་བ་ཡིན་ན། བཤགས་བྱའི་ཉེས་བྱས་ཡིན་པས་ནི་མ་ཁྱབ་སྟེ། དེའི་ལྟུང་བ་ལ་བསྡམས་བྱའི་ཉེས་བྱས་དང་། ཕམ་འདྲའི་ཉེས་བྱས་ཡོད་པ་གང་ཞིག་དེ་གཉིས་བཤགས་པར་བྱ་བ་མ་ཡིན་པའི་ཕྱིར། དང་པོ་བཤགས་པར་བྱ་བ་མ་ཡིན་ཏེ། དེ་ཡིད་ཀྱིས་བསྡམ་པ་ཙམ་གྱིས་འདག་པར་འགྱུར་བའི་ཕྱིར། གཉིས་པ་དེ་མ་ཡིན་ཏེ། དེ་ལ་འཆབ་མེད་དང་འཆབ་བཅས་གཉིས་ཡོད་པ་ལས། དང་པོ་བྱུང་བ་ལ་བསླབ་པ་སྦྱིན་པར་བྱ་བ་དང་། གཉིས་པ་བྱུང་བ་གནས་ནས་དབྱུང་བར་བྱ་བ་ཡིན་པའི་ཕྱིར། བཞི་པ་ཆོ་ག་ཇི་ལྟ་བུས་བྱ་བ་ཡོད་དེ། སྦྱོར་བའི་དབང་དུ་བྱས་ན། ཡིད་ཀྱིས་བསྡམ་པ་སྔོན་དུ་བཏང་ནས་བཤགས་ཡུལ་ལ་ཕྱག་འཚལ་བ་སོགས་ཡིན། དངོས་གཞིའི་དབང་དུ་བྱས་ན། མིང་རིགས་དང་གྲངས་བརྗོད་པའི་སྒོ་ནས་སྔགས་ཚིག་ལན་གསུམ་བརྗོད་པ་ཡིན་པའི་ཕྱིར། མཇུག་གི་དབང་དུ་བྱས་ན། མཐོང་སྡོམ་དྲིས་ནས་ལན་འདེབས་པ་དང་། ཐབས་ལེགས་བརྗོད་པ་དེ་ཡིན་པའི་ཕྱིར། ལྟུང་བ་མིང་རིགས་བརྗོད་པའི་དོན་ཡོད་དེ། སྡེ་ཚན་བརྗོད་པ་དང་། ངོ་བོ་བརྗོད་པ་གཉིས་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།