86657
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱལ་བའི་ཁྲིམས་དང་དམ་ཚིག་ལ་ཉེས་པ་དང་འགལ་ཟླ་བྱུང་པ་རྣམས་ཡི་གེ་བརྒྱའི་སྙིང་པོ་བསྒོམ་བཟླས་ཀྱི་སྒོ་ནས་བཤགས་ཐབས་ཀྱི་མདོ་ཞིག་ཡིན། དེ་ཡང་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་གསུངས་ཏེ། སྟོན་པ་ཕུན་ཚོགས་ནི། སྟོན་མཆོག་གཤེན་རབ་མི་བོ་ཡིན། གནས་ཕུན་ཚོགས་ནི། སྟེང་གི་ལྷ་གནས་ཞེས་སོ། །འཁོར་ཕུན་ཚོགས་ནི། ཚངས་པ་གཙུག་ཕུད་གཙོས་པས་ལྷ་ཀླུ་མི་གསུམ་གྱི་འཁོར་རྣམས་སོ། །དུས་ཕུན་ཚོགས་ནི། འདི་ཞེས་ངོས་གཟུང་དཀའ་འོ། །བཀའ་ཕུན་ཚོགས་ནི། གཡུང་དྲུང་སེམས་དཔའི་ལྟུང་བ་བཤགས་པའི་མདོ་ལས་ཆོ་ག་ཕྱུང་བའི་མན་ངག་ཡང་སྙིང་གི་རྩ་མདོ་བསྟན་པས་སོ། །བསྟན་པ་ཕྱི་དར་སྐབས་སུ་གཏེར་རུ་གྲུབ་སྟེ། བཀའ་འགྱུར་བརྒྱུད་རིམ་ལས་མི་འགྱུར་གསང་སྔགས་གྲགས་པས་གཏེར་བཞེས་ཞེས་གསུངས་པས་སོ། ། |