86919

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:58, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྟེ་བའི་རྩ་འཁོར་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྐབས་ནས་བསྟན་པའི་རྩ་འཁོར་དྲུག་གི་ཡ་གྱལ་ཞིག་སྟེ། ཇོ་ནང་ཏཱ་ར་ནཱ་ཐའི་ཟུང་འཇུག་རབ་གསལ་ལས། ཕྱོགས་བཞིར་འབྱུང་བཞིའི་ནུས་པ་འཛིན་པའི་རྩ་བཞི་ཡོད་ལ། རྩ་འདབ་བཞི་ཡོད་པ་དེ་ལས་གཉིས་གཉིས་སུ་གྱེས་པས་རིམ་པ་གཉིས་པ་ལ་རྩ་འདབ་བརྒྱད་དོ། །ལྟེ་བར་བརྒྱད་ཀྱི་ཕྱོགས་བཞི་ལས་གཉིས་གཉིས་གྱེས་ཤིང་། མཚམས་བཞི་ལས་མ་གྱེས་པས་རིམ་པ་གསུམ་པ་པ་བཅུ་གཉིས་དང་། དེའི་ཕྱོགས་ཀྱི་གཉིས་གཉིས་ལས་ལྔ་ལྔ་དང་། མཚམས་ཀྱི་བཞི་ལས་དྲུག་དྲུག་གྱེས་པས་རིམ་པ་བཞི་པ་དྲུག་ཅུ་རེ་བཞི་ཡིན་ལ། དྲུག་ཏུ་གྱེས་པའི་ཐ་མ་རེ་རེ་ནི་སྟོང་བ་འབབ་པའི་རྩ་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:ལྟེ་བའི་རྩ་འཁོར་

|; |@@@ | | }}