87210
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྡེང་ཐང་དགོན་པ་འདི་ཕྱག་འདེབས་པ་པོ་ཀཿཐོག་པ་གྲུབ་དབང་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱིས་བཏབ། ཆོས་རྒྱུད་ཀཿཐོག་པའོ།། དེ་རྗེས་སུ་གྲུབ་ཆེན་པདྨ་དབང་ཆེན་གྱི་དུས་སུ་ཆོས་ལུགས་འཇའ་ཚོན་དུ་གྱུར། དེང་སང་གཅུག་ལག་ཁང་ནང་རྟེན་དང་བཅས་གསར་བཞེངས་གནང་། དུས་མཆོད་རྒྱུན་སྲོལ་ཁག སྨྱུང་གནས་ཆ་གཉིས། བཞི་པར་ཀར་གླིང་ཞི་ཁྲོ། བདུན་པར་མགོན་པོ་བདུན་སྒྲུབ་དང་གུར་དྲག་བདུན་སྒྲུབ། བཅུ་པར་བཀའ་བརྒྱད། གསང་སྔགས་ཀྱིས་སྒོ་ནས་དགུ་གཏོར་ཆེན་མོ་གར་འཆམ་རྒྱས་པ་བཅས་ཡོད། རྒྱུན་བཞུགསགྲྭ་བ་ལྔ་བཅུ་ཡོད། |