87306
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དགུ་པའི་སྟོད་འཁྲུངས། ཐོག་མར་བླ་བྲང་བཀྲ་ཤིས་འཁྱིལ་སློབ་གཉེར་གནང་། དགེ་བཤེས་ཐོན་རྗེས་སྐུ་ཚེ་ཕལ་ཆེ་བ་རང་ཡུལ་གྱི་དགོན་གསར་དགའ་ལྡན་རབ་རྒྱལ་གླིང་དུ་རྒྱུན་བཞུགས་མཛད། འཆད་རྩོད་རྩོམ་གསུམ་གྱིས་དུས་འདས། གཞི་གསུམ་གྱི་ཉམས་ལེན་གསར་དུ་ཚུགས་པའི་སྨོན་ལམ་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༨༧༢ ལོར་བརྩམས་པར་མཇུག་བྱང་དུ་གསུངས། གསུང་རྩོམ་ནི་བླ་མའི་རྣལ་འབྱོར་དང་། ལམ་རིམ་བསྡུས་དོན། ལམ་གཙོ་རྣམ་བཤད། དབང་བཤད། སྒྲུབ་ཐབས། བརྒྱུད་འདེབས། མན་ངག་ཟིན་བྲིས། ཆོ་ག་ཕྱག་ལེན། ཞབས་བརྟན་གསོལ་འདེབས་བཅས་པོད་འབྲིང་ཞིག་བཞུགས། |