87399
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། ཀུན་དབྱིངས་དཀྱིལ་འཁོར་ཕོ་བྲང་གི་ལྷོ་ན་གནས་པའི་ལྷ་གཙོ་བོ་སྟེ། དེའི་ཆ་ལུགས་ནི། ཁྱུང་གིས་འདེགས་པའི་ཁྲི་དང་། ཉི་ཟླ་པད་གདན་གྱི་ཁ་ལ་དཀྱིལ་སྐྲུང་དུ་བཞུགས་ཞིང། སྐུ་མདོག་སྔོ་ལ་གསེར་གྱི་ཐོད་རྡིང་དང་ཞི་རྒྱན་སོགས་ཀྱིས་སྒེག་ཉམས་སྤྲས་པ། ཕྱག་གཡས་ཀྱིས་ནོར་བུ་དང་། གཡོན་པས་མཉམ་བཞག་གི་མཐིལ་དུ་འཕྲིན་ལས་མཚོན་པའི་ཛ༔ཡིག་བསྣམས་པ་ཞིག་ཡིན་པས། ༼གཟི་བརྗིད་པོད་གསུམ་པ་༽ལས་གསལ་ལོ། །འཁོར་ནི་ཕྲིན་ལས་མཐར་ཕྱིན་གྱི་ལྷ་བརྒྱད་ཡིན་ནོ། ། |
| Domain | ཆོས་ལུགས། |