87665

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྷ་ཡུལ་ (1)
Part of speech མིང་ཚིག
Definition འགྲོ་བ་རིགས་དྲུག་གི་ནང་ཚན་ལྷ་གནས་སའི་འཇིག་རྟེན་གྱི་ཁམས་ཏེ།
Example ལོངས་སྤྱོད་ཕུན་སུམ་ཚོགས་པའི་ལྷ་ཡུལ་དུ་གནས་བཅས་ཏེ་ཞེས་པ་ལྟ་བུ།
Domain ཆོས་ལུགས།
Synonyms སྐབས་གསུམ་གནས། སྐྱོ་མེད་གནས། མཁའ་གནས། རྒྱལ་སྲིད། འཆི་མེད་གྲུབ་པའི་གནས། སྟེང་གི་འཇིག་རྟེན། མཐོ་རིས། དལ་འཛིན། གཞི་གསུམ་པ། རི་རབ་སྟེང་། སུམ་རྩེན། རོལ་བའི་ས། བདེ་འགྲོའི་གནས། བདེ་ལྡན། བདེ་འབྱུང་། འབྲས་འབྱུང་། སྡིག་མེད་གནས། ནམ་མཁའི་ཁྱིམ། ནམ་མཁའི་གྲོང་། ལྷ་ཡི་འཇིག་རྟེན། འཆི་མེད་གནས། འཆི་མེད་གྲོང་། འཆི་མེད་ཡུལ། ལྷ་ཡི་གྲོང་། ས་བླ། ས་བླའི་འཇིག་རྟེན། མཐོ་རིས་ཀྱི་འཇིག་རྟེན། གནས་བཟང་། ལྷས་རྩེན། སུམ་རྩེན་འདུན་ས། རོལ་གནས། རོལ་གསུམ་གནས། རོལ་བའི་གནས། རོལ་བའི་ས།