87817

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ་ནི། མ་ཧཱ་ཡོ་གའི་ལུགས་ཀྱི་སྣང་སྟོང་ཟུང་འཇུག་གི་ལྟ་བ་སྟེ། འོད་གསལ་སྙིང་པོ་ལས། མ་ཧཱ་ཡོ་ག་པས་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་འབྲས་བུ་དོན་དམ་དང་། ཡེ་ཤེས་དོན་དམ་དང་། དབྱིངས་དོན་དམ་དང་གསུམ་པོ་ཡེ་ནས་འདུ་འབྲལ་མེད་པ་ལ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། མདོར་ན་སྐུ་དང་ཡེ་ཤེས་ཀྱིས་བརྒྱན་པའི་དབྱིངས་ནི་འབྲས་དུས་ཀྱི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དེ། དེ་ནི་ལྷག་པའི་དོན་དམ་བདེན་པ་ཡིན་ལ། དེའི་རྩལ་སྣང་སྣོད་བཅུད་དུ་སྣང་བ་འདི་རྣམས་ཀྱང་སྐུ་དང་ཡེ་ཤེས་སུ་རང་བཞིན་གྱིས་གནས་ཤིང་བདེན་པར་མ་གྲུབ་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་ལྷག་པའི་ཀུན་རྫོབ་བདེན་པ་སྟེ། བདེན་གཉིས་རེ་རེའི་སྟེང་དུ་ཡང་སྣང་སྟོང་འདུ་འབྲལ་མེད་པར་གནས་ལ། དེ་ཡང་སྐུ་དང་ཡེ་ཤེས་སུ་དག་པའི་ཆ་ནས་ཐུན་མོང་གི་བདེན་གཉིས་ལས་ལྷག་པའོ། །ཡང་དག་པར་ན་འདི་ལྟར་ཀུན་རྫོབ་གཞི་དང་ལམ་གྱི་དུས་ན་སྣང་བ་རྣམས་དང་། མཐར་ཕྱིན་འབྲས་དུས་ན་སྣང་བའི་དོན་དམ་མཐར་ཐུག་གཉིས་གཞི་འབྲས་ངོ་བོ་དབྱེར་མེད་པ་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོར་ལྟ་བ་ཡིན་ལ། མདོར་ན་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་ཟུང་དུ་འཇུག་པའི་དབྱིངས་ཏེ་སྣང་སྟོང་ཟུང་འཇུག་གོ ། ཞེས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]