87828

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྷག་པའི་བསམ་པ་ཡོངས་སུ་མི་གཏོང་བ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལྷག་པའི་བསམ་པ་ཡོངས་སུ་མི་གཏོང་བ་བཅུ་སྟེ། ༡ འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡོངས་སུ་མི་གཏོང་བ། ༢ སངས་རྒྱས་ཐམས་ཅད་ཡོང་སུ་སྨིན་པར་བྱ་བ་དང་། རྣམ་པར་འདུལ་བ་ཡོངས་སུ་མི་གཏོང་བ། ༣ སངས་རྒྱས་ཐམས་ཅད་ཀྱི་གདུང་བསབ་པ་ཡོངས་སུ་མི་གཏོང་བ། ༤ དགེ་བའི་བཤེས་གཉེན་ཐམས་ཅད་ལ་བསྙེན་པ་ཡོངས་སུ་མི་གཏོང་བ། ༥ སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་བསྙེན་བཀུར་བྱ་བ་ཡོངས་སུ་མི་གཏོང་བ། ༦ ཡོན་ཏན་ཐམས་ཅད་ཡོངས་སུ་བཙལ་བའི་ཕྱིར། ཐེག་པ་ཆེན་པོ་ཡོང་སུ་མི་གཏོང་བ། ༧ སངས་རྒྱས་འབྱུང་བ་ཐམས་ཅད་དུ་ཚངས་པར་སྤྱད་པ་སྤྱོད་ཅིང་། ཚུལ་ཁྲིམས་བསྲུང་བ་ཡོངས་སུ་མི་གཏོང་བ། ༨ བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་མི་གཏོང་བ། ༩ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ཡོངས་སུ་བཙལ་ཞིང་། ཡང་དག་པར་གཟུང་བ་ལ་མཁས་པ་ཡོངས་སུ་མི་གཏོང་བ། ༡༠ བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་ཐམས་ཅད་ཡང་དག་པར་བསྒྲུབ་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པ་ཡོངས་སུ་མི་གཏོང་བའོ། །
Domain ཆོས་ལུགས།