87832

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྷག་པའི་བསམ་པའི་མཚན་ཉིད་རྣམ་པ་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་དག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་དང་རབ་ཏུ་བསྟན་པ་གང་ཡིན་པའོ། །བཟོད་པའི་འོས་སུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ལ་སོ་སོར་རྟོག་པའི་བཟོད་པ་མཆོག་ཐོབ་པ་གང་ཡིན་པ་སྟེ། དེ་ནི་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་དག་ཡིན་ནོ། དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བ་འཕགས་པའི་བསྟན་པ་དག་ལ་དམིགས་པ་གང་ཡིན་པའོ། །ཡིད་ལ་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྣམ་པར་རྟོག་པ་ཙམ་དུ་རིག་པའི་ཡིད་ལ་བྱེད་པ་གང་ཡིན་པའོ། །གཉེན་པོར་གྱུར་པའི་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཡིན་པའོ། །རང་གི་ངོ་བོ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ལྷག་པའི་བསམ་པ་དེ་དད་པ་དང་འདུན་པས་རང་གི་བདག་ཉིད་བྱེད་པའི་ཕྱིར་རོ། རྟགས་ཀྱི་ཕྱིར་ཞེས་བྱ་བ་ནི་སའི་མདུན་རོལ་པ་དང་ས་ལ་གནས་པ་དག་ཏིང་ངེ་འཛིན་ལ་ཞུགས་པ་ན་སངས་རྒྱས་རྣམས་མཐོང་བའི་རྟགས་གང་ཡིན་པའོ། །ཕན་ཡོན་གྱི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་དང་ཉེ་ཞིང་དཀའ་བ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ་ཞེས་འབྱུང་བའོ། །
Domain ཆོས་ལུགས།