87850

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྷག་པའི་སྤྱོད་པ་སོགས་གསུམ་ལ་སློབ་ཏུ་འཇུག་ནུས་པའི་ལྔ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྔ་ཕྲུགས་ཉེར་གཅིག་གི་ནང་ཚན་ཞིག དེ་མདོ་ལས་བསྟན་ཚུལ་དང་ཡན་ལག་གི་གྲངས་འདྲེན་བཅས་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བསྟན་ཚུལ་གྱི་དབང་དུ་བྱས་ན། ལྷག་པའི་སྤྱོད་པ་དང་། འདུལ་བ་དང་སོ་སོ་ཐར་པ་ལ་ཡང་དེ་བཞིན་ནོ། །ཞེས་པའི་མདོ་ལས་བསྟན་ཅིང་། བསྟན་དོན་ཡང་། ལྷག་པའི་སྤྱོད་པ། འདུལ་བ། སོ་སོ་ཐར་པ་གསུམ་ལ་སློབ་པའི་སྟེང་དུ་མང་ཐོས་ཚུལ་ལྡན་གཉིས་བསྣན་པ་དང་པོ་དང་། དེ་གསུམ་ལ་སློབ་ཏུ་འཇུག་ནུས་པའི་སྟེང་དུ་མང་ཐོས་ཚུལ་ལྡན་གཉིས་བསྣན་པ་གཉིས་པ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།