87876

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྷག་མ་ (1)
Part of speech མིང་ཚིག
Definition དངོས་པོ་གང་ཞིག་བེད་སྤྱོད་བྱས་རྗེས་ཀྱི་ཤུལ་ལུས།
Example ཟས་ཀྱི་ལྷག་མ། གོས་ཀྱི་ལྷག་མ། དངུལ་ལྷག་མ་ཞེས་པ་ལྟ་བུ།
ལྷག་མ་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། ཕྱིར་བཅོས་བྱས་པ་དགེ་འདུན་ལ་རགས་ལས་ཤིང་སྡོམ་པ་གསོ་བའི་ལྷག་མ་ཅུང་ཟད་ལུས་པས་ན་དགེ་འདུན་ལྷག་མ། མཚན་ཉིད་ནི། པཎ་ཆེན་འདུལ་བ་ལས། བསྙེན་རྫོགས་ཀྱི་སྡོམ་པ་དང་འགལ་བར་ཞུགས་པའི་དངོས་གཞི་ཡོངས་སུ་རྫོགས་པའི་ལྟུང་བ་གང་ཞིག རང་གི་ངོ་བོའི་ཆ་ནས་ལྷག་མའི་མིང་རིགས་ཀྱི་སྒོ་ནས་ཕྱིར་བཅོས་བྱས་པས་འདག་ཏུ་རུང་བ། ལྷག་མའི་མཚན་ཉིད། དེ་ལ་དབྱེ་ན་ཕ་ཡི་དབང་དུ་བྱས་ན་ཁུ་བ་འབྱིན་པའི་ལྷག་མ་སོགས་ལྷག་མ་བཅུ་གསུམ་དང་། མ་ཡི་དབང་དུ་བྱས་ན་ལྷག་མ་ཉི་ཤུ་ཡོད། ཅེས་གསུངས།
Domain ཆོས་ལུགས།