88213
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། དགེ་སློང་རྣམས་གསོད་སྙོམས་སུ་ཕེབས་སྐབས་ཀྱི་ཟས་སློང་བའི་སྣོད་དམ་ཕོར་པ་ཅིག་གི་མིང་། དེའི་ཆེ་ཆུང་གི་ཚད་བཅས་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྷུང་བཟེད་མེད་པར་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཞེས་སོགས་ཀྱིས་སྣོད་སྤྱད་ཀྱི་རྟགས་དེ་འཆད་པའི་ཕྱིར། སྣོད་སྤྱད་ལྷུང་བཟེད་དེ་ཡང་ཡོད་པ་ཙམ་གྱིས་མི་ཆོག་སྟེ། ཚད་ལས་ཆེ་བ་དང་། ཆུང་བ་དང་། ཁ་དོག་སྐྱ་བས་ཀྱང་མི་བྱ་བ་ཡིན་པའི་ཕྱིར། འོ་ན། ལྷུང་བཟེད་ཀྱི་ཚད་ཇི་ལྟ་བུ་ཞེ་ན་ཡོད་དེ། བསྟན་ཚུལ་གྱི་དབང་དུ་བྱས་ན། ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་གི་ལྷག་མར་འབྲས་ཐུག་པོ་ཆེ་མ་ག་དྷའི༌བྲེའུ་ཆུང་གང་བཙོས་པ་སྲན་ཚོད་དང་བཅས། ཚོད་མ་དང་བཅས་པ་ལྷག་པ་ནས་དོའི་བར་ཤོང་བ་དེ་ནི་རིགས་པ་ཡིན་ནོ། །ཞེས་པའི་མདོས་བསྟན་ཅིང་བསྟན་དོན་ཡང་། ཁའི་ཆའི་མཐའ་སྟེ་མུ་ཁོ་ན་ནས་མཐེ་བོའི་ལྟོ་གང་གི་ལྷག་མ་འབྲས་ཐུག་པོ་ཆེ་སྟེ་སྐམ་པོ་མ་ག་དྷའི༌བྲེའུ་ཆུང་གང་བཙོས་པ་སུམ་འགྱུར་དུ་སོང་བའི་ཕུལ་དྲུག སྲན་ཚོད་ཚོད་མ་དང་བཅས་པ་ཕུལ་དོ། མཐེ་བོའི་ལྟོ་གང་གི་ཆ་ལ་ཕུལ་གང་དང་བཅས་པ་ལྷག་པ་ནས་དོའི་བར་ཤོང་བ་དེ། དགེ་སློང་གི་ལྷུང་བཟེད་ཀྱི་ཚད་ཡིན་པའི་ཕྱིར། དེ་ལ་ཡང་ཆུང་འབྲིང་ཆེན་པོའི་ཚད་ཡོད་དེ། དྲུག་ཕུལ་གྱི་ཕུལ་དགུ་ཤོང་བ་ཆུང་ཚད་དང། བཅོ་བརྒྱད་ཤོང་བ་ཆེ་ཚད། དེའི་བར་རྣམས་འབྲིང་ཚད་ཡིན་པའི་ཕྱིར། བྲེའུ་ཆུང་གི་ཚད་ཡོད་དེ། བོད་ཀྱི་ཕུལ་དུ་རྩི་ན། བདུན་ཕུལ་དོ་དང་ཁྱོར་གང་། དྲུག་ཕུལ་ཡིན་ན་དོ་ཡོད་པའི་ཕྱིར། བམ་པོ་ལྔ་བཅུ་པ་ལས། འབྲས་དྲུས་པ༌བྲེའུ་ཆུང་ཕྱེད་དང་ལྔ་ལ་བོད་ཀྱི༌བྲེ་ཚད་ཕྱེད་དང་དོ་ཡོད་དེ། དེའི་ཆ་ནི་སུམ་འགྱུར་ཏེ༌བྲེ་ཕྱེད་དང་ལྔ་ཡོད་དོ། །ཞེས་གསུངས་པའི་ཕྱིར། བོད༌བྲེའི་ཚད་ཀྱང་ཡོད་དེ། ཁྱོར་བ་ཉི་ཤུ་རྩ་གཅིག་ཤོང་བ་དེ་དེའི་ཚད་ཡིན་པའི་ཕྱིར་ཏེ། བམ་ལྔར། མ་ག་དྷའི༌བྲེའུ་ཆུང་ཕྱེད་དོ་ལ་ནི་བོད་ཀྱི་བདུན་ཕུལ་ཕྱེད་དང་བཞི་ཡོད་དོ། །མ་ག་དྷའི༌བྲེའུ་ཆུང་དོ་ལ་ནི་བོད་ཀྱི་བདུན་ཕུལ་བཞི་དང་ཁྱོར་དོ་ཡོད་དོ། །ཞེས་གསུངས་པའི་ཕྱིར། མདོར་ན་བདུན་ཕུལ་དུ་བཅད་པའི་བོད༌བྲེ་དང་། དྲུག་ཕུལ་དུ་བཅད་པའི་བོད༌བྲེ་གཉིས་ཚད་མཉམ་པས། དེ་གཉིས་གང་གི་དབང་དུ་བྱས་ཀྱང་སུམ་ཆ་ལ་མ་ག་དྷའི༌བྲེའུ་ཆུང་གང་གི་ཚད་དུ་བྱ་བ་ཡིན་ཏེ། བདུན་ཕུལ་དོ་དང་། ཁྱོར་གང་དེའི་ཚད་དུ་བཤད་ཅིང་། དྲུག་ཕུལ་དོ་ཡང་དེའི་ཚད་དུ་གྲུབ་པའི་ཕྱིར། ཡུལ་དུས་ཀྱི་དབང་གིས་བོད༌བྲེའི་ཚད་ཆེ་ཆུང་ཅི་རིགས་སུ་འགྱུར་བས་ཚད་ཀྱི་ངེས་པ་ཇི་ལྟར་རྟོགས་ཞེ་ན། སྐྱོན་མེད་དེ། ཁྱོར་བ་ཉི་ཤུ་རྩ་གཅིག་ཤོང་བ་བོད༌བྲེའི་ཚད་དུ་བྱས་པའི་ཕྱིར་ན་ཡུལ་དུས་འགྱུར་བས་ཅི་ཡང་མི་གནོད་དོ། །རྒྱ་འདུལ་འཛིན་ནི། ཕུལ་བཅུ་ཤོང་བ་ལྷུང་བཟེད་ཆུང་ཚད། བཅོ་ལྔ་ཤོང་བ་འབྲིང་ཚད། ཉི་ཤུ་ཤོང་བ་ཆེ་ཚད་ཡིན་གསུངས་པ་མི་ལེགས་ཏེ། བཅས་ལྡན་དགེ་སློང་གིས་སྦྱིན་བདག་གཅིག་ལས་དུས་གཅིག་ཏུ་ལྷུང་བཟེད་ཆུང་ཚད་གསུམ་གང་བའི་ཟས་སླང་དུ་རུང་བར་གསུངས་པ་གང་ཞིག དེ་དང་ཁྱེད་ཀྱི་ལུགས་དེ་འགལ་བའི་ཕྱིར་ཏེ། སྦྱིན་བདག་ལས་དུས་གཅིག་ཏུ་ཕུལ་ཉེར་བདུན་ལས་ལྷག་པ་བླང་དུ་མི་རུང་བར་གསུངས་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ལྷུང་བཟེད་
|; |@@@ | | }}