88230
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། ༡. འཕྱ་ལ་སོགས་པ་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །ཞེས་ཏེ། གཞན་གྱི་ལྷུང་བཟེད་སོགས་ལ་འཕྱས་གདགས་པར་བྱ་བའི་ཕྱིར་མི་བལྟའོ། །ལག་པ་སྦགས་པས་ཆུ་སྣོད་སོགས་གཙང་མ་ལ་མི་གཟུང་ངོ་། །དྲུང་ན་འདུག་པས་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་རོ། །ཁྱིམ་པ་ལ་མ་དྲིས་པར་འཁྲུས་ཆུ་གར་བབ་བབ་དུ་དབོ་བར་མི་བྱའོ། །གཞན་ཡང་། ཟས་ཟ་བའི་མཇུག་ཏུ་ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་རོ། །ལྷུང་བཟེད་ལན་གསུམ་བསྐྲུས་པའི་ནང་དུ་ཆུ་གཙང་མ་ལ་གཙུག་ལག་གི་ཚིགས་སུ་བཅད་པ་དག་གིས་བརྗོད་པར་བྱ་སྟེ་སྦྱིན་པར་བྱའོ། །འདི་གཉིས་སྡོམ་གྱིས་མ་བསྡུས་ལ། བསྡུས་པ་ནི་འོག་གཞི་མེད་པའི་ས་དང་། གད་ཁ་དང་། གཡང་ས་དང་། དཀན་གཟར་པོར་ལྷུང་བཟེད་མི་གཞག་གོ ། གད་ཁ་སོགས་གསུམ་དུ་མི་བཀྲུའོ། །འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་མི་བཀྲུའོ། །ལམ་གྱི་བཞི་མདོར་མི་བཀྲུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། ༢. འཕྱ་ལ་སོགས་པ་རྣམ་པ་བཞི། །ལྷུང་བཟེེད་ལ་ཡང་རྣམ་པ་བཅུ། །ཞེས་པས་བསྟན། དེ་ལ་དང་པོ་ནི། དགེ་སློང་གཞན་གྱི་ལྷུང་བཟེད་ལ་འཕྱ་བར་མི་བྱེད། ལག་པ་ཟས་དང་སྦགས་པས་ཆུ་སྣོད་མ་བཟུང། དགེ་སློང་གཞན་ལ་ཟས་དང་སྦགས་པའི་ཆུས་མི་གཏོར། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་དང་ཟན་སྦགས་པ་ཁྱིམ་དུ་མི་འདོར་བའོ། །ཕྱི་མ་བཅུ་ནི། ཟས་ཟོས་པའི་ལྷག་མ་ལྷུང་བཟེད་ཀྱི་ནང་དུ་མི་འདོར། ལྷུང་བཟེད་འོག་གཞི་མེད་པའི་ས་ལ་མི་བཞག གཡང་སར་མི་འཇོག གད་ཁར་མི་འཇོག དཀན་གཟར་པོར་མི་འཇོག འགྲེང་སྟེ་ལྷུང་བཟེེད་མི་བཀྲུ། གད་ཁར་མི་བཀྲུ། གཡང་སར་མི་བཀྲུ། དཀན་གཟར་པོར་མི་བཀྲུ། འབབ་ཆུ་དྲུག་པོའི་རྒྱུན་ལས་ལྡོག་སྟེ་ལྷུང་བཟེེད་ཀྱིས་ཆུ་མི་བཅུའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ལྷུང་བཟེད་ལ་སྤྱོད་པའི་ཉེས་བྱས་ཀྱི་སྡེ་ཚན་
|; |@@@ | | }}