88911

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:07, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤར་ཡེལ་ཕུག་དགོན་ (1)
Part of speech མིང་ཚིག
Definition རྗེ་འགྲོ་བའི་མགོན་པོ་སངས་རྒྱས་ཡེལ་པའི་གདན་ས་ཐོག་མ་སྟེ། ཕྱི་ལོ་༡༡༧༡ ལོ་དང་བོད་རབ་བྱུང་གསུམ་པའི་ལྕགས་ཡོས་ལོར་ཁམས་ཡེལ་རྒྱལ་ནམ་མཁའ་མཛོད་དུ་དགོན་པ་བཏབ་པ་ལ་ཤར་ཡེལ་ཕུག་ཟེར། སྒྲུབ་བརྒྱུད་ཡེལ་པ་བཀའ་རྒྱུད་ཀྱི་བསྟན་པའི་ཆུ་མགོ་ཐོག་མར་འདི་ནས་དྲངས། འདིར་དགེ་འདུན་དར་ཞིང་རྒྱས་ལ་ཡེལ་པའི་དངུལ་སྐུ་རྡོ་ཁོག་མ་ཞེས་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་རྗེ་ཕག་མོ་གྲུ་པ་དགེ་བསྙེན་གྱི་རྟེན་ཅན་སྤྲེའུ་ཞིག་གི་སྐྱེ་བ་བཞེས་པའི་རུས་བུབ་འཛམ་རོ་ནས་གདན་དྲངས་པ་ནང་རྟེན་བྱས་པའི་འདྲ་སྐུ་བྱིན་ཅན་སོགས་བཞུགས། ཡེལ་ཕུག་གི་གདན་ས་ཐོག་མ་མཁན་ཆེན་ཕུ་པ། དེ་ནས་ཡོན་བཙུན་དབེན། དེ་ནས་རིམ་པར་སྐ་གནའ་བ། ཇེ་ཁྱིམ། ལྷག་ཝིག་པ། བླ་མ་ཆམ་ལ་བ། རྒྱ་སྟོན་རིན་ཤེ་སོགས་ཀྱིས་རིམ་བཞིན་བསྐྱངས།