89014

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:07, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤཱཀྱ་ཐུབ་པ་དྲི་མེད་སྒྲ་ (1)
Part of speech མིང་ཚིག
Definition འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། ཞིང་དེ་ནི་མི་མཇེད་འཇིག་རྟེན་འདིའི་ཤར་ཕྱོགས་སུ་གནས་ཤིང་། ཞིང་དེའི་སྐྱེ་བོ་རྣམས་ཚེ་བསོད་ལྷ་དང་མཉམ་ཞིང་ལས་ཉོན་ནག་པོར་སྤྱོད་པའི་དྲི་མ་མེད་པ་ལ། སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དྲི་མེད་སྒྲ་ཞེས་པ་འདིས་ཐུན་མོང་རྒྱུའི་ཐེག་པ་དང་ཐུན་མིན། ཡོད་མཐོང་སྣང་གྲགས་ཆོས་སོ་ཅོག ། ཐ་དད་སྣ་ཚོགས་མཐའ་ཡས་ཀྱང༌། །རང་བཞིན་མ་བཅོས་དེ་བཞིན་ཉིད། །མ་བསྒྲིབས་འོད་གསལ་རྣམ་དག་ཞིང༌། །ཞེས་པའི་དགོངས་པ་རྣམ་པར་བཤད་དེ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་སྐལ་ལྡན་ལ་སྟོན་པས་སྒྲོན་མ་ཆེན་པོ་ཡོངས་སུ་སྣང་བ་དང་། ཞིང་དེའི་འཇིག་རྟེན་དྲུག་ཏུ་ཐུབ་པ་དྲུག་སྣང་ནས་འགྲོ་བ་དྲུག་གི་དོན་མཛད་པར་ཡང་གསུངས་སོ། །
Domain ཆོས་ལུགས།