89352

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:10, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤིང་རྟའི་སྲོལ་འབྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྔར་སངས་རྒྱས་ཆོས་ལུགས་དར་རྒྱས་སུ་སོང་བ་ཕྱིས་རྐྱེན་དབང་གིས་ཉམས་ཆགས་སུ་ཕྱིན་པ་ན། སླར་ཡང་ནང་བསྟན་ལ་མཁས་པའི་རྒྱ་གར་གྱི་པཎ་ཊི་ཏ་དག་གིས་སྔར་བཞིན་སྲོལ་གསར་དུ་བཏོད་པ་ལ་ཤིང་རྟའི་སྲོལ་འབྱེད་དུ་གྲགས། མཚན་ཉིད་ནི། ཤིང་རྟའི་སྲོལ་འབྱེད་དུ་རྒྱལ་བའི་ལུང་བསྟན་ཐོབ་པའི་བྱང་འཕགས། དེ་ལ་དབྱེ་ན། དབུ་མའི་ཤིང་རྟའི་སྲོལ་འབྱེད་དང། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་གཉིས་ཡོད། དེ་ལ་བོད་སྔ་རབས་པ་རྣམས་ཤིང་རྟའི་སྲོལ་འབྱེད་ལ་རྗེ་བཙུན་བྱམས་མགོན། མགོན་པོ་ཀླུ་སྒྲུབ། ཕྱོགས་གླང། གནོས་འཇོམས་མཁན་པོ་སྟེ་བཞིར་བྱས་ནས། དང་པོས་མངོན་རྟོགས་རྒྱན། གཉིས་པས་རིགས་ཚོགས་དྲུག གསུམ་པས་བརྒྱད་སྟོང་དོན་བསྡུས། བཞི་པས་ཡུམ་གསུམ་གནོད་འཇོམས་མཛད་ཅེས་གསུངས་ཀྱང། རང་གི་ལུགས་ནི་དབུ་མ་བའི་ཤིང་རྟའི་སྲོལ་འབྱེད་ལ། ཀླུ་སྒྲུབ་དང་བྱམས་མགོན་གཉིས་སུ་གྲངས་ངེས་ཤིང། ཤེར་ཕྱིན་གྱི་མདོའི་བརྗོད་བྱ་ལ་ཡང་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ཡོད་ལ། དང་པོ་གཏན་ལ་འབེབས་པ་ལ་ཀླུ་སྒྲུབ་ཀྱིས་རིགས་ཚོགས་དྲུག གཉིས་པ་གཏན་ལ་འབེབས་པ་ལ་རྗེ་བཙུན་གྱིས་མངོན་པར་རྟོགས་པའི་རྒྱན་འདི་མཛད་དོ། །སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་དུ་བཞེད་དོ། །
Domain ཆོས་ལུགས།
ཤིང་རྟའི་སྲོལ་འབྱེད་ (2)
Part of speech མིང་ཚིག
Definition འགྲེལ་བྱེད་གཞན་གྱིས་བཀྲལ་བ་ལ་མ་ལྟོས་པར་ཐེག་ཆེན་གྱི་བཀའི་དགོངས་པ་རང་སྟོབས་ཀྱིས་འགྲེལ་བའི་འཛམ་བུ་གླིང་བའི་མིའི་བྱད་གཟུགས་ཅན་ནོ། །