89735

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:18, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤེར་ཕྱིན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཤེར་ཕྱིན་གྱི་མཚན་ཉིད་དང་གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་གྱི་ངོས་འཛིན་ཚུལ་ནི། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་ཕར་ཕྱིན་མདོ་ལུགས་མ་ལས། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གཉིས་ཏེ། དངོས་དང་བཏགས་པ་གང་ཡིན་པའོ། །ཤེར་ཕྱིན་དངོས་ནི་ཆོས་ཉིད་དེ་བཞིན་ཉིད་རང་བྱུང་གི་ཡེ་ཤེས་དོན་དམ་པའི་ཤེས་རབ་ནམ་མཁའ་ལྟར་ཀུན་ལ་ཁྱབ་པའི་ཡེ་ཤེས་ཆེན་པོ་སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་སོགས་རྒྱ་ཆེར་གསུངས་སོ། །རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་ལྟ་བུའི་ཤེར་ཕྱིན་མཚན་ཉིད་པ་དེ་ནི་གཞི་ཤེར་ཕྱིན་དང་འབྲས་བུ་ཤེར་ཕྱིན་དང་མཐར་ཐུག་པ་སྟེ། ངོ་བོ་དབྱེར་མེད་པའི་དེ་བཞིན་ཉིད་དོ། །ཞེས་དང་། ཉ་དབོན་ཀུན་དགའ་དཔལ་གྱི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དེས་ན་ཆོས་ཉིད་ཤེར་ཕྱིན་གྱི་གཙོ་བོ་དང་གཞུང་ལམ་འབྲས་བུ་གསུམ་ཕལ་བའོ། །ཞེས་དང་། ཏྭ་ར་ནྭ་ཐའི་ཤེར་འགྲེལ་སྨད་དུ་བྱུང་བ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་དོན་མང་པོ་ལ་འཇུག་ཀྱང་དངོས་དང་གཙོ་བོ་ནི། ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་གཉིས་མེད་ཡེ་ཤེས་བདེ་གཤེགས་སྙིང་པོ་དེ་ཡིན་ལ། ཞེས་དང་། ཏྭ་ར་ནྭ་ཐའི་སྔོན་མེད་ལེགས་བཤད་ལས། འཕགས་པའི་ལམ་གྱིས་བསྡུས་པ་སྤྲོས་བྲལ་རྟོགས་པའི་ཡེ་ཤེས་ནི་ལམ་ཤེར་ཕྱིན་ནོ། །དེ་གསུམ་བརྗོད་བྱར་སྟོན་པར་བྱེད་པའི་ངག་ཚིག་དེ་བཞིན་གཤེགས་པའི་བཀའ་ཡིན་པ་དེ་ནི། གཞུང་ཤེར་ཕྱིན་ཅེས་བྱ་སྟེ། ཞེས་དང་། འབྲས་བུ་ཤེར་ཕྱིན་ནི་འབྲས་བུ་དངོས་ཡིན་མི་དགོས་སོ་ཆོས་ཀྱི་དབྱིངས་དང་བདེ་གཤེགས་སྙིང་པོ་དང་སེམས་ཀྱི་རང་བཞིན་འོད་གསལ་བ་སོགས་ལ་བྱའོ། །
Domain ཆོས་ལུགས།

{{#arraymap:ཤེར་ཕྱིན་

|; |@@@ | | }}

ཤེར་ཕྱིན་ (2)
Part of speech མིང་ཚིག
Definition སྤྱིར་ཤེར་ཕྱིན་ལ་གཞུང་ཤེར་ཕྱིན་དང་། ལམ་ཤེར་ཕྱིན་དང། འབྲས་བུ་ཤེར་ཕྱིན་གསུམ་ཡོད་པ་ལས། འདིར་འབྲས་བུ་ཤེར་ཕྱིན་ལ་གོ་བ་ཡིན་ལ། དེ་ནི་ཤེས་རབ་ཀྱི་མཐར་ཕྱིན་པའི་སངས་རྒྱས་འཕགས་པའི་རྒྱུད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ལ་ཤེར་ཕྱིན་ཞེས་འཇོག་པ་ཡིན་ནོ། །ཤེར་ཕྱིན་གྱི་ངོ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། སློབ་དཔོན་གྱི་བཞེད་པ་ནི། འགྲེལ་ཆེན་ལས། དེ་ལྟར་ན་དང་པོ་ཐོས་པ་དང་བསམ་པ་དང་སྒོམ་པའི་རང་བཞིན་ཅན་གྱི་ཤེས་པ་སྐྱེ་བའི་རིམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པའི་ཕྱིར། ཕ་རོལ་ཏེ་རབ་ཀྱི་མཐར་འགྲོ་བ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པའོ། །དེ་ཡང་ཤེས་རབ་ཅེས་བྱ་བ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ། དེ་འཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ན་ཚིག་དང་ངག་གི་ཚོགས་ཀྱི་གཞུང་དང་མཐོང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ལམ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཏགས་པའོ། །སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། འབྲས་བུ་ཤེར་ཕྱིན། གཞུང་ཤེར་ཕྱིན། ལམ་ཤེར་ཕྱིན་གསུམ་ཡོད། ས་མཚམས་ནི། སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད།

{{#arraymap:ཤེར་ཕྱིན་

|; |@@@ | | }}

ཤེར་ཕྱིན་ (3)
Part of speech མིང་ཚིག
Definition ཁྱད་ཆོས་བཞིས་ཁྱད་པར་དུ་བྱས་པའི་མཐར་ཐུག་གི་མཁྱེན་པར་དམིགས་པ། ཤེར་ཕྱིན་གྱི་ཁྱད་ཆོས་བཞི་ནི། རྟེན་གྱི་གང་ཟག་སངས་རྒྱས་འཕགས་པ་ཁོ་ནའི་རྒྱུད་ཀྱིས་བསྡུས་པ། གཟུང་འཛིན་གཉིས་སྣང་གི་དྲི་མ་མ་ལུས་པར་སྤངས་པ། ངོ་བོ་ཡེ་ཤེས་ཡིན་པ། བདེན་སྟོང་སྒྱུ་མ་ལྟ་བུའི་རྣམ་པ་ཅན་ཡིན་པའོ། །དེ་ཉམས་སུ་ལེན་ཚུལ་ནི། ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པ་རྣམས་ཀྱིས་ཤེར་ཕྱིན་ཉམས་སུ་ལེན་པའི་ཚུལ་བཞག་ཏུ་ཡོད་དེ། དང་པོར། སེམས་མི་འགོང་བ་ཉིད་ལ་སོགས། །ཞེས་སོགས་ཀྱི་སྐབས་ནས་བསྟན་པ་ལྟར་གྱི་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་སྒོ་ནས་གཞུང་ཤེེར་ཕྱིན་དང་དེའི་བརྗོད་བྱ་ལམ་ཤེར་ཕྱིན་དང་བཅས་པ་ཐོས་བསམ་གྱིས་གཏན་ལ་ཕབ། དེའི་རྗེས་སུ་ལམ་ཤེར་ཕྱིན་རང་རྒྱུད་ལ་བསྐྱེད་དེ་ཉམས་སུ་ལེན་པར་བྱེད་དོ། །

{{#arraymap:ཤེར་ཕྱིན་

|; |@@@ | | }}