89818

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤེས་པ་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། འདི་ལ་མངོན་ཤེས་ལྔའང་ཟེར། མདོ་དགོངས་པ་འདུས་པར་སྦྱོར་བའི་ཡན་ལག་རྟོགས་འཇུག་དྲུག་ཅུ་རྩ་གཅིག་སྐབས་གཞན་དོན་དུ་སྦྱོར་བ་ཉེར་བརྒྱད་ཁོངས་སུ་དྲངས་པའི་ཤེས་པ་ལྔ་སྟེ། དོན་བྱ་བའི་གདུལ་བྱའི་མཚན་ཉིད་ཇི་ལྟ་བ་མ་འདྲེས་པར་མཁྱེན་ཕྱིར་དེ་བཞིན་ཤེས་པ་དང། དེ་ལྟ་བུའི་གདུལ་བྱའི་རང་བཞིན་མ་སྐྱེས་པར་ཤེས་ཕྱིར་མ་སྐྱེས་པར་ཤེས་པ་དང། དེ་ལྟར་མཁྱེན་ཅིང་དོན་བྱེད་པའི་དུས་ཤེས་ཕྱིར་དེ་དུས་ཤེས་པ་དང། བདག་གཞན་དང་ཐབས་ཀུན་སྣང་སྟོང་གི་དངོས་པོ་གཉིས་ཀ་མེད་པར་མཁྱེན་ཕྱིར་དངོས་མེད་ཤེས་པ་དང། འཕྲལ་དུ་བཙལ་བ་ལས་བྱུང་བ་མ་ཡིན་པར་ཡེ་ནས་བཅོས་བསླད་མེད་པར་རང་གསལ་བར་མཁྱེན་ཕྱིར་ཡེ་ནས་ཤེས་པ་བཅས་ལྔའོ། །ཡང་ན། ལྷའི་མིག་དང་རྣ་བའི་མངོན་ཤེས་དང། ཟག་པ་ཟད་པའི་མངོན་ཤེས་དང། སྔོན་གནས་མཁྱེན་པའི་མངོན་ཤེས་དང། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་མངོན་ཤེས་སོ། །འདྲེན་ཚུལ་སྔ་མ་མདོ་ཉིད་ལས་བྱུང་བ་ལྟར་མདོ་འགྲེལ་མུན་པའི་གོ་ཆར་གསལ་བ་དང་། ཕྱི་མ་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཤེས་པ་ལྔ་

|; |@@@ | | }}

ཤེས་པ་ལྔ་ (2)
Part of speech མིང་ཚིག
Definition མདོ་འགྲེལ་མུན་པའི་གོ་ཆ་ལས་གསུངས་པ་ལྟར་བག་ཆགས་ལྔའི་གཉེན་པོར་གྱུར་པའི་ཤེས་པ་ལྔ་སྟེ། བྱང་ཆུབ་འདོད་པ་ཤེས་པ་དང། ཆོས་ཀྱི་རྣམ་པར་ཤེས་པ་དང། ཐམས་ཅད་ཤེས་པ་དང། ཡོངས་སུ་ཤེས་པ་དང། ཤེས་པ་ཆེན་པོའོ། །

{{#arraymap:ཤེས་པ་ལྔ་

|; |@@@ | | }}