89826

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤེས་པའི་ཡོན་ཏན་རྣམ་པ་གཉིས་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ དོན་ཡང་དག་པར་རྟོགས་པའི་ཡོན་ཏན། དེ་ལ་དོན་ཡང་དག་པར་རྟོགས་པའི་ཡོན་ཏན་ནི་མྱུར་དུ་ཡང་དག་པར་རྟོགས་པ་དང༌། ངེས་པར་ཡང་དག་པར་རྟོགས་པ་དང༌། ཆ་ཕྲ་བ་ཡང་དག་པར་རྟོགས་པའོ། །༢ ངོ་བོ་ཉིད་ཀྱི་ཡོན་ཏན་ནི། མཉམ་པར་གཞག་པའི་ས་པ་དང༌། ཡོངས་སུ་མི་ཉམས་པ་དང༌། འཇིག་རྟེན་ལས་འདས་པ་དང་། ལེགས་པར་བསྒོམས་པ་དང༌། རང་གི་སྤྱོད་ཡུལ་ལ་ཉམས་པ་མེད་པ་དང༌། རང་གི་རིགས་དང་མཐུན་པའི་དགེ་བའི་རྩ་བས་ཁྱད་པར་དུ་འཕགས་པ་དང༌། གཞན་གྱི་རིགས་དང་མཐུན་པའི་དགེ་བའི་རྩ་བས་ཁྱད་པར་དུ་འཕགས་པའོ། །
Domain ཆོས་ལུགས།