89844

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤེས་པས་སྲིད་མཐའ་ལ་མི་གནས་པའི་ལམ་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཤེས་པས་སྲིད་མཐའ་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད་ནི། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐར་ལྟུང་བ་འགོག་བྱེད་ཀྱི་ཤེས་རབ་ཁྱད་པར་ཅན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས། མཚན་གཞི་ནི། བྱང་སེམས་འཕགས་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་གྱི་རྟོགས་པའི་མཁྱེན་པ་ལྟ་བུའོ། །ཤེས་པས་སྲིད་མཐའ་ལ་མི་གནས་པའི་གཞི་ཤེས་ཡོད་ཀྱང། སྙིང་རྗེས་ཞི་མཐའ་ལ་མི་གནས་པའི་གཞི་ཤེས་མེད་དེ། སྙིང་རྗེ་ཆེན་པོ་དང་གཞི་ཤེས་ཀྱི་གཞི་མཐུན་མེད་པའི་ཕྱིར། འདིར་བསྟན་སྲིད་མཐའ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་དང། དོན་དམ་ལ་ལྟོས་པའི་སྲིད་མཐའ། བྱང་སེམས་ལམ་ལ་ལྟོས་པའི་སྲིད་མཐའ་དང་གསུམ་ཡོད།
Domain ཆོས་ལུགས།