89860

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤེས་བྱ་ (1)
Part of speech མིང་ཚིག
Definition བསླབ་བྱའི་ཡོན་ཏན་དང་རིག་པའི་གནས་ཐམས་ཅད་ཀྱི་སྤྱི་མིང་སྟེ།
Keyword True
Example ན་གཞོན་ཚོས་ཤེས་བྱ་སྣ་ཚོགས་ལ་དོ་སྣང་བྱེད་དགོས། ཤེས་བྱའི་གནས་ལ་སྦྱངས་ཏེ་མཁས་པར་གྱུར་ཞེས་པ་ལྟ་བུ།
ཤེས་བྱ་ (2)
Part of speech མིང་ཚིག
Definition བློའི་ཡུལ་དུ་བྱ་རུང་བ་སྟེ། བློའི་ཡུལ་དུ་འོང་ཞིང་རྟོགས་ཐུབ་པ་ཐམས་ཅད་ལ་ཤེས་བྱ་ཟེར། དེ་ཡང་ཡོད་པ་ཞིག་ཡིན་ཕྱིན་ཚང་མ་བློའི་ཡུལ་དུ་བྱ་རུང་བའམ་བློས་རྟོགས་རྒྱུ་ཡོད་པའི་ཆ་ནས་ཤེས་བྱ་ཞེས་བརྗོད་པ་ཡིན། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཤེས་བྱའི་མཚན་ཉིད་བློའི་ཡུལ་དུ་བྱར་རུང་བ། དེ་ལ་ཡུལ་དང་ཤེས་བྱ་གཞལ་བྱ་རྣམས་གཙོ་བོར་དོན་གཅིག །ཅེས་གསུངས།
Domain ཚད་མ།
Synonyms ཡུལ་དང་། ཡོད་པ། ཤེས་བྱ། གཞལ་བྱ། གཞི་གྲུབ་རྣམས་དོན་གཅིག