89866
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཐེག་པ་ཆེན་པོ་བསྡུས་པ་ལས་བྱུང་བ་སྟེ། ས་དང་པོ་ལ་ནི་ཀུན་ཏུ་འགྲོ་བའི་དོན་དུ་ཤེས་པར་བྱའོ། །ས་གཉིས་པ་ལ་ནི་མཆོག་གི་དོན་དུ་ཤེས་པར་བྱའོ། ། ས་གསུམ་པ་ལ་ནི་རྒྱུ་མཐུན་པ་དོན་དུ་ཤེས་པར་བྱའོ། ། ས་བཞི་པ་ལ་ནི་ཡོངས་སུ་བཟུང་བ་མ་ཡིན་པའི་དོན་དུ་ཤེས་པར་བྱའོ། ། ས་ལྔ་པ་ལ་ནི་རྒྱུད་ཐ་དད་པ་མེད་པའི་དོན་དུ་ཤེས་པར་བྱའོ། ། ས་དྲུག་པ་ལ་ནི་ཀུན་ནས་ཉོན་མོངས་པ་དང༌རྣམ་པར་དག་པ་མ་ཡིན་པའི་དོན་དུ་ཤེས་པར་བྱའོ། ། ས་བདུན་པ་ལ་ནི་ཆོས་སྣ་ཚོགས་ཐ་དད་པ་མེད་པའི་དོན་དུ་ཤེས་པར་བྱའོ། །ས་བརྒྱད་པ་ལ་ནི་བྲི་བ་མེད་ཅིང་ལྷག་པ་མེད་པའི་དོན་དང༌། མཚན་མ་ལ་དབང་བའི་གནས་ཀྱི་དོན་དང༌། ཞིང་ལ་དབང་གནས་ཀྱི་དོན་དུ་ཤེས་པར་བྱའོ། ། ས་དགུ་པ་ལ་ནི་ཡེ་ཤེས་ལ་དབང་བའི་གནས་ཀྱི་དོན་དུའོ། ། ས་བཅུ་པ་ལ་ནི་ལས་ལ་དབང་བའི་གནས་ཀྱི་དོན་དང༌། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ལ་དབང་བའི་གནས་ཀྱི་དོན་དུ་ཤེས་པར་བྱའོ། ། |
| Domain | ཆོས་ལུགས། |