89875

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤེས་བྱ་རྣམ་པ་དྲུག་ (1)
Part of speech མིང་ཚིག
Definition ཆོས་མངོན་པ་ཀུན་ལས་བཏུས་པ་ལས་བྱུང་བ་སྟེ། འཁྲུལ་པ། འཁྲུལ་པའི་གནས། མ་འཁྲུལ་པའི་གནས། འཁྲུལ་པ་ཡང་མ་ཡིན་ལ་མ་འཁྲུལ་པ་ཡང་ཡིན་པ། མ་འཁྲུལ་པ། མ་འཁྲུལ་པའི་རྒྱུ་མཐུན་པའོ། །
Domain ཆོས་ལུགས།
ཤེས་བྱ་རྣམ་པ་དྲུག་ (2)
Part of speech མིང་ཚིག
Definition ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ༡ འཁྲུལ་པ་ནི། བཟུང་བ་དང་འཛིན་པར་མངོན་པར་ཞེེན་པའོ། །༢ མ་འཁྲུལ་པའི་གནས་ནི། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་བྱེད་ཀྱི། རྒྱུ་ཙམ་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པའི་བདག་ཉིད་དུ་གྱུར་པ་གང་ལ་བྱིས་པ་རྣམས་གང་མངོན་པར་ཞེན་པ་འཇུག་པའོ། །༣ མ་འཁྲུལ་པའི་གནས་ནི། དེ་བཞིན་ཉིད་དེ། དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །༤ འཁྲུལ་པ་ཡང་ཡིན་ལ་མ་འཁྲུལ་བ་ཡིན་པ་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་མཐུན་པ་ཐོབ་པ་ལས་བྱུང་བ་ལ་སོགས་པའི་དགེ་བའི་ཆོས་རྣམས་ཏེ་ཞེས་བྱ་བ་ལ་རྣམ་པར་རྟོག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཐུན་པའི་ཕྱིར་རོ། །༥ མ་འཁྲུལ་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །༦ མ་འཁྲུལ་པའི་རྒྱུ་མཐུན་པ་ནི། འཕགས་པའི་ལམ་གྱི་རྗེས་ལ་ཐོབ་པའི་དགེ་བའི་ཆོས་རྣམས་སོ། །