From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཤེས་འདོད་ཆོས་ཅན་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཚད་མ། མདོ་སྡེ་བ། བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་གཟུང་བ།
|
| Example
|
བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་སྒྲ་ལྟ་བུའོ། །
|
ཤེས་འདོད་ཆོས་ཅན་ (2)
| Part of speech
|
མིང་ཚིག
|
| Definition
|
དཔག་གཞིར་བཟུང་བ་ཤེས་འདོད་ཡིན། ཞེས་བྱ་བ། ཤེས་འདོད་ཀྱི་མཚན་ཉིད་ཚད་མས་གྲུབ་བསལ་མེད་ལ། དཔག་གཞིར་བཟུང་བ་ཞེས་བྱ་བ་ཡིན་ལ། བྱེ་བྲག་ཏུ་རང་དོན་གྱི་ཤེས་འདོད་ནི་རྒོལ་བས་བཟུང་བ་ཡིན་ཞིང་། གཞན་དོན་ནི་ཕྱིར་རྒོལ་གྱིས་བཟུང་བ་ཡིན་ནོ། །དེའང་སྒྲ་རྟག་གམ་མི་རྟག་དཔྱོད་པ་ན་མ་རྟོགས་ལོག་རྟོག་ཐེ་ཚོམ་དང་ལྡན་པ་ལ་འཇུག་ལ། རྗེས་དཔག་གིས་སྒྲོ་འདོགས་གཅོད་པ་ནི་མ་རྟོགས་པ་འགའ་ཞིག་ལོག་རྟོག་ཉིད་དུ་རྣམ་འགྲེལ་ལས་བཤད་དོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། ཚུལ་དང་པོའི་ལྟོས་གཞི་ཕྱོགས་ནི་ཕྱོགས་བཏགས་པ་ཤེས་འདོད་ཆོས་ཅན་ཡིན་པས་དེའི་མཚན་ཉིད་ནི། ཆོས་ཅན་གང་གི་སྟེང་དུ་གྲུབ་བསལ་མེད་པའི་བསྒྲུབ་བྱའི་ཆོས་ཀྱིས་དཔག་གཞིར་བཟུང་བ་སྟེ། བསྒྲུབ་བྱའི་ཆོས་ཅན་དང་། རྩོད་གཞིའི་ཆོས་ཅན་གྱི་མཚན་ཉིད་ཀྱང་དེ་ཉིད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
|