From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཤེས་རབ་ (1)
| Part of speech
|
མིང་ཚིག
|
| Definition
|
ཡིན་མིན་དང་ལེགས་ཉེས་སོགས་ཀྱི་ཁྱད་པར་འབྱེད་ཐུབ་ཅིང་བསམ་གཞིགས་དང་གསར་གཏོད་ཐུབ་པའི་བློའི་ནུས་པ།
|
| Example
|
མི་ཤེས་རབ་ཆེན་པོ་ཅན་ཞེས་པ་ལྟ་བུ།
|
ཤེས་རབ་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། ཤེས་རབ་ཞེས་པ་ནི། བརྟག་པར་བྱ་བའི་དངོས་པོ་རྣམས་ཀྱི་སྐྱོན་དང་ཡོན་ཏན་སོ་སོར་རྣམ་པར་འབྱེད་པའི་རིག་པ་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ཤེས་རབ་གང་ཞེ་ན། བརྟག་པ་ཉིད་ཀྱི་དངོས་པོའི་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། སོམ་ཉི་བཟློག་པའི་ལས་ཅན་ནོ། ། ཞེས་གསུངས། ཤེས་རབ་ཀྱི་བརྟག་པར་བྱ་བའི་དངོས་པོ་ནི་དགེ་བ་དང། མི་དགེ་བ་དང། ལུང་མ་བསྟན་པ་གསུམ་སྟེ། དེ་དག་གི་སྐྱོན་དང་ཡོན་ཏན་སོ་སོར་རྣམ་པར་འབྱེད་པར་བྱེད་པའོ། ། སྐྱོན་ཡོན་སོ་སོར་འབྱེད་པའི་རིགས་པའི་ཚུལ་བཞི་ཡོད་དེ། བྱ་བ་བྱེད་པའི་རིགས་པ། བལྟོས་པའི་རིགས་པ། འཐད་པས་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་དང་བཞིའོ། །རིགས་པ་བཞི་པོ་དེས་དཔྱད་ནས་ངེས་པ་རྙེད་པ་ན་ཐེ་ཚོམ་བཟློག་པར་འགྱུར་བས། འདིའི་བྱེད་ལས་ཀྱི་ཁྱད་པར་ལ་སོམ་ཉི་བཟློག་པའི་ལས་ཅན་ཞེས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
ཤེས་རབ་ (3)
| Part of speech
|
མིང་ཚིག
|
| Definition
|
རིག་པའི་གནས་ལྔ་སོགས་ལ་མཁས་པའི་ཤེས་རབ་ནི་སྐབས་འདིར་བསྟན་གྱི་ཤེས་རབ་ཀྱི་ངོ་བོ་ཡིན། དབྱེ་ན། ཀུན་རྫོབ་ཤེས་པའི་ཤེས་རབ། དོན་དམ་ཤེས་པའི་ཤེས་རབ་དག་སེམས་ཅན་དོན་བྱེད་ཀྱི་ཤེས་རབ་རྣམས་སུ་ཡོད།
|
ཤེས་རབ་ (4)
| Part of speech
|
མིང་ཚིག
|
| Definition
|
དེའི་རྒྱུད་ཀྱི་ཁྱད་ཆོས་བཞི་ལྡན་གྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱིས་སེམས་བྱུང་དུ་དམིགས་པ། དེའི་རྒྱུད་ཀྱི་ཤེས་རབ་ཀྱི་མཚན་ཉིད། ཤེས་རབ་ལ་དབྱེ་ན། ལུང་ལ་བརྟེན་པ་ཐོས་བྱུང་གི་ཤེས་རབ། རིགས་པ་ལ་བརྟེན་པ་བསམ་བྱུང་གི་ཤེས་རབ། མྱོང་བ་ལ་བརྟེན་པ་སྒོམ་བྱུང་གི་ཤེས་རབ་དང་གསུམ་དུ་ཡོད།
|