From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཤེས་རབ་ཀྱི་དབང་པོ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། བདེན་བཞིའི་བླང་དོར་ལ་སོ་སོར་དཔྱོད་པའི་ཤེས་རབ་གཙོ་བོར་གྱུར་པའི་སྦྱོར་ལམ་ཐོབ་པའི་མཁྱེན་པར་དམིགས་པ། ཤེས་རབ་ཀྱི་དབང་པོའི་མཚན་ཉིད་ཡིན་ནོ། །
|
| Domain
|
ཆོས་ལུགས།
|
ཤེས་རབ་ཀྱི་དབང་པོ་ (2)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད། བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་དབང་པོ་གང་ཞིག བདེན་པའི་ཁྱད་ཆོས་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་ངོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །དབང་པོ་གང་ཞིག་བདེན་པ་བཞི་རབ་ཏུ་འབྱེད་པའི་སེམས་བྱུང་མཚུངས་ལྡན་དང་བཅས་པ་དེ། ཤེས་རབ་ཀྱི་དབང་པོའི་མཚན་ཉིད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
|
ཤེས་རབ་ཀྱི་དབང་པོ་ (3)
| Part of speech
|
མིང་ཚིག
|
| Definition
|
ཡུལ་གྱི་བླང་དོར་འབྱེད་པ་ལ་ལྷག་པར་དབང་བྱེད་པའི་སེམས་བྱུང་ཞིག་ལ་ཤེས་རབ་ཀྱི་དབང་པོ་ཞེས་བརྗོད། དེ་ལྟར་པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། གཙོ་བོར་རང་སྟོབས་ཀྱིས་བདེན་བཞིའི་གནས་ལུགས་རབ་ཏུ་རྣམ་འབྱེད་ཀྱི་སེམས་བྱུང། ཤེས་རབ་ཀྱི་དབང་པོའི་མཚན་ཉིད། ཅེས་གསུངས་སོ། །
|