89905

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ་ (1)
Part of speech མིང་ཚིག
Definition ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ། བསྟན་འགྱུར་ཤེར་ཕྱིན་ན་པར་བཞུགས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ་ (2)
Part of speech མིང་ཚིག
Definition གཞུང་དངོས་ལ་མཛད་འགྱུར་མི་གསལ་ཡང་། བུ་སྟོན་དཀར་ཆག་དང་། པེ་ཅིང་། སྣར་ཐང་དཀར་ཆག་ཏུ་ཤིང་རྟ་སྲོལ་འབྱེད་གསུམ་པ། ན་པ་གཉིས་ལ། སློབ་དོན་དཾཥྚ་སེ་ནས་མཛད་པར་གྲགས་པའི་འབུམ་གྱི་ཊཱི་ཀ ། ལེའུ་ལྔ་བཅུ་རྩ་གཉིས་པའི་འཕྲོ་ལ་ལུས་པ་བཞུགས། འདི་ལ་དཀར་ཆག་འཕང་ཐང་མར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་ཟེར་རོ། །ཞེས་དང་། སྡེ་དཀར་དུའང་གོང་དང་ཚིག་རེ་གཉིས་ཙམ་མི་འདྲ་བ་ལས་ནང་དོན་དེ་དང་མཚུངས་པར་འཁོད། ཡང་བུ་སྟོན་ཆོས་འབྱུང་དུ་བམ་པོ་བདུན་ཅུ་རྩ་བརྒྱད་པ་ཅུང་ཟད་མ་འགྱུར་བ། འདི་འཕང་ཐང་མར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བྱར་བྲིས་མོད་ཀྱི་དཀར་ཆག་གོང་མ་གཉིས་སུ་རྒྱ་གར་མར་བཤད་པས་དཾཥྚ་སེ་ནས་བྱས་པ་དེ་ཡིན་ནོ། །ཞེས་འཁོད། བསྟན་འགྱུར་ཤེར་ཕྱིན་པ་པར་བཞུགས།