89913

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ (1)
Part of speech མིང་ཚིག
Definition ཆོས་ཚན་འདིའི་འགྱུར་བྱང་གཞུང་དངོས་ལ་མི་གསལ་ཡང་། སྡེ་བཀའི་དཀར་ཆག་ཏུ་བསྟན་པ་སྔ་དར་གྱི་དུས་སུ་རླངས་ཁམས་པ་གོ་ཆས་འཕགས་ཡུལ་དུ་བྱོན་ཏེ། ཤེས་ཕྱིན་འབུམ་པ་ཐུགས་ལ་བཟུང་ནས་བོད་དུ་ལེགས་པར་བསྒྱུར། ཞེས་དང་། ཡང་དབས་མཉྫུ་ཤྲཱི། ཉང་ཨིནྡ་ཝ་རོ་གཉིས་ཀྱིས་རྒྱ་གར་ནས་དཔེ་བླངས་ཏེ་བསྒྱུར་བ། ཞེས་པ་ནས་པ་གོར་བཻ་རོ་ཙ་ནས་སླར་ཡང་ཞུ་ཆེན་མཛད་དེ་འགྲེས་རྐང་ཆད་པ་སོགས་བསབས། ཚིག་སྣ་བསྲིངས་ཏེ་བརྗོད་བདེ་བར་བསྒྱུར། ཞེས་སོགས་འཁོད་པ་དང་། བུ་སྟོན་དཀར་ཆག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་བམ་པོ་སུམ་བརྒྱ་སྟེ་ཉང་ཁམས་པ་གོ་ཆ། བཻ་རོ་ཙ་ན། ལྕེ་ཁྱི་འབྲུག ཞང་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་བྱང་དྲུག་ཡོད་པར་གྲགས་སོ། ། ཞེས་འཁོད། ཞོལ་དཀར་ཆག་ཏུ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཞེས་དང་། ད་དུང་ཡུམ་རྒྱས་པ་འདི་ལ་རླངས་ཁམས་པ་གོ་ཆ། བཻ་རོ་ཙ་ན། ལྕེ་ཁྱི་འབྲུག །ཞང་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་བྱང་དྲུག་ཡོད་པར་གྲགས་ཀྱང་། དཔེ་ཕལ་ཆེར་ལ་མི་འདུག་ཅེས་སྣར་ཐར་དཀར་ཆག་ཏུ་འབྱུང་ཡང་། དཔེ་རང་ལ་འགྱུར་བྱང་གསལ།ཅེས་འཁོད། ཆོས་ཚན་འདི་ལ་ལེའུ་བདུན་ཅུ་དོན་གཉིས་བཞུགས་པ་ལས། ལེའུའི་མཚན་རེ་གཉིས་ཙམ་ལས་མ་ཡིག་ཏུ་མི་གསལ་བས། དེ་དག་གཅིག་གྱུར་དང་ལྟ་ཀློག་བདེ་བའི་ཆེད་དུ། འདིར་ལེའུར་མཚན་མ་ཡིག་ཏུ་མི་གསལ་བ་རྣམས་བསྟན་འགྱུར་དཔེ་བསྡུར་མའི་དེབ་ང་གསུམ་པའི་ཆོས་ཚན་པ་གཞིར་བཟུང་སྟེ་བསྒྲིགས་ཡོད་པ་དང་། ད་དུང་མ་ཡིག་ཏུ་ལེའུའི་མཚན་དང་གོ་རིམ་མི་འདྲ་བ་སོགས་ཀྱང་འདིར་རྒྱ་འགྲེལ་གཉིས་དང་བསྟུན་ཏེ་བསྒྲིགས་ཡོད། བཀའ་འགྱུར་འབུམ་ཨ་པར་བཞུགས།