From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཤེས་རབ་ཆེན་པོར་འགྱུར་བའི་ཆོས་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
དཀོན་བརྩེགས་འཕགས་པ་དྲི་མ་མེད་ཀྱིས་བྱིན་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། ཆོས་ལ་སེར་སྣ་མི་བྱེད་པ། མི་མཐུན་པར་མི་འཇུག་པས་འགྱོད་པ་སེལ་བ། གསོལ་བ་འདེབས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གདམས་ངག་སྟོན་པ། སྟོང་པ་ཉིད་བསྒོམ་པ་ལ་མང་དུ་གནས་པའོ། །
|
| Domain
|
ཆོས་ལུགས།
|
ཤེས་རབ་ཆེན་པོར་འགྱུར་བའི་ཆོས་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
དཀོན་བརྩེགས་འཕགས་པ་འོད་སྲུང་གི་ལེའུ་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་བཅས་པ་ཡིན། ༢ ཟང་ཟིང་མེད་པའི་སེམས་ཀྱིས་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་རེ་བར་ཇི་ལྟར་ཐོས་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་ཡིན། ༣ མང་དུ་ཐོས་པ་ལས་ཤེས་རབ་འབྱུང་བར་རིག་ནས། མགོའམ་གོས་ལ་མེ་འབར་བ་བཞིན་དུ་ཐོས་པ་ཡོངས་སུ་ཚོལ་ཞིང་ཇི་ལྟར་ཐོས་པའི་དོན་རྣམས་འཛིན་པར་བྱེད་པ་ཡིན། ༤ ནན་ཏན་སྙིང་པོར་བྱེད་ཀྱི། སྨྲ་བ་དང་བརྗོད་པའི་ཚིག་ལྷུར་ལེན་པ་ཡིན་ཡིན་པའོ། །
|