89985
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྫོགས་ཆེན། རྙིང་མ། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། ཞེས་པའི་དོན་ནི། རྫོགས་ཆེན་སྤྱི་ཏི་ཡོ་གའི་ལུགས་ལྟར་ན། ཉི་ཟླ་འབར་བའི་སྒྲོན་མ་ལས། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཞེས་པ། ཕ་རོལ་ཕྱིན་པ་ནི་གོང་དུ་རྒྱས་པར་བཤད་ཟིན་ཏེ། ཤེས་རབ་ཅེས་པ། ཤེས་པ་ཐམས་ཅད་ཀྱི་རབ་ནི་སྙིང་པོ་སྐྱེ་བ་མེད་པར་ཤེས་པའོ། །རབ་ནི་རྟོགས་པ་མངོན་དུ་གྱུར་པའོ། །ཕ་རོལ་ནི་ཐེག་པ་བརྒྱད་ཀྱི་ཕ་རོལ་ཏེ། ཕྱིན་པ་ནི་རྫོགས་པ་ཆེན་པོའོ། །མཐའ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། སྤྱི་ཏི་ཡོ་གའི་ཐེག་པའོ། །ཡང་ན། མཐའ་ནི་ཤེས་བརྗོད་ལས་འདས་པས་མཚོན་དུ་མི་བཏུབ་པའོ། །ཞེས་གསུངས། སྐབས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྫོགས་པ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པ་ནི་སྤྱི་ཏི་ཡོ་གའི་ཐེག་པར་བསྟན། |
| Domain | ཆོས་ལུགས། |