90071
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཐེག་ཆེན། ཤེས་སྒྲིབ་ལ་གཉིས་ཡོད་པའི་ཡ་གྱལ་ཞིག་སྟེ། མཚན་ཉིད། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། ཤེས་སྒྲིབ་གང་ཞིག ། གཉིས་སྣང་འཁྲུལ་བའི་ཆ་དང་། ཉོན་སྒྲིབ་མ་ལུས་པར་སྤངས་པའི་རྒྱུད་ལ་ཡང་འབྱུང་བའི་རིགས་གནས་ཀྱི་རྨོངས་པ་གང་རུང་གིས་བསྡུས་པ། དང་པོ(ཤེས་སྒྲིབ་མངོན་གྱུར་པ)འི་མཚན་ཉིད། ཅེས་དང་། མཚན་གཞི་ནི། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། འཇུག་ཤེས་དྲུག་ལ་ཡུལ་རང་ངོས་ནས་གྲུབ་པར་སྣང་བའི་གཉིས་སྣང་འཁྲུལ་པའི་ཆ་ལྟ་བུ་ཡིན། རྣམ་པ་གཅིག་ཏུ་ན། རྒྱུ་འབྲས་ཀྱི་རབ་དབྱེ་མཐའ་ཡས་པ་ལ་རང་སྟོབས་ཀྱིས་རྨོངས་པའི་སེམས་བྱུང་རྨོངས་པ་ལྟ་བུ་མངོན་གྱུར་པ་དང༌། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཤེས་སྒྲིབ་མངོན་གྱུར་པ་
|; |@@@ | | }}