90108

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:24, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤོ་དགོན་ (1)
Part of speech མིང་ཚིག
Definition དཔལ་བཀྲ་ཤིས་ཤོ་དགོན་ནི་ཕྱི་ལོ་ ༡༡༦༧ མེ་ཕག་ལོ་སྨར་ཁམས་རུ་ཤོད་ཀྱི་ཁྱབ་ཁོངས་སུ་འདམ་སྟེང་ལ་ཆོས་རྗེ་སྨར་པ་རིན་པོ་ཆེས་ཕྱག་བཏབ། གདན་ས་འདི་ཐོག་མ་དགེ་འདུན་གཉིས་སྟོང་ནས་རིམ་བཞིན་ཁྲི་ཁ་ལོང་བ་བྱུང་ཞིང་། གདན་ས་འདི་གསང་ཕུ་ནེའུ་ཐང་གི་བཀའ་སྲོལ་བཞིན་མདོ་སྔགས་གཉིས་ལ་ཐོས་བསམ་སྒོམ་གསུམ་དང་། གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་གྱི་བློ་དང་མཐུན་པའི་གདམས་ངག་ཉམས་སུ་བླངས་པའི་སྲོལ་དར། སྨར་པའི་གདན་རབས་འཛིན་པ་མང་པོ་བྱོན་ཀྱང་ད་ལྟའི་ཆ་ཡེ་ཤེས་རྒྱལ་མཚན་སོགས་གདན་རབས་བདུན་ཙམ་ལས་རྙེད་ཐུབ་མེད། གདན་ས་འདིར་སོག་དམག་གིས་གནོད་འཚེར་ཐེངས་གསུམ་བྱས་པས་ཤུགས་རྐྱེན་འོག་རིམ་བཞིན་འཐོར་བཤིག་ཏུ་གྱུར། ད་ལྟ་དགོན་ཤུལ་གང་དུ་ཡོད་མེད་ས་ཁམས་ཚན་རིག་གིས་བཤད་པ་ལྟར་ཕྱག་བཏབ་མཁན་གྱིས་དགོན་པའི་གནས་བཤད། སྨར་པའི་སློབ་མ་གཤའ་པའི་རྣམ་ཐར། གནས་དེར་དངོས་སུ་ཕེབས་པའི་ས་པཎ་གྱི་འཕྲིན་ཡིག འདས་པའི་དུས་རབས་དང་ཐག་ཉེ་བའི་ཙོམ་མདོའི་གདན་རབས། འོད་ཟེར་བླ་མའི་རྣར་ཐར་སོགས་ལས་གནས་མིང་དང་ཁྱད་ཆོས་རྣམས་དཔྱད་གཞི་གཙོ་བོ་འཛིན་པས་དོན་མཚན་བཅུ་གཅིག་ཚང་དགོས་ཚུལ་བཤད་པ་ལྟར། ཉུལ་ཞིབ་བྱས་དུས་ཡིད་ཆེས་འོས་པ་ཞིག་ད་ལྟའི་ཆ་རྙེད་ཐུབ་མེད། ཚང་དགོས་པའི་དོན་ཚན་བཅུ་གཅིག་ནི། ཤོ་དགོན་ཆགས་པའི་ཡུལ་མིང་སྨར་ཁམས་རུ་ཤོད། དགོན་པའི་ས་མིང་འདམ་སྟེང་། ས་དེར་མ་ཐ་ཡང་དགེ་འདུན་གཉིས་སྟོང་བསྡད་ཐུབ་པའི་གྲྭ་ཤག་བསྐྲུན་སའི་རྒྱ་ཁྱོན་དང་གྱང་ཤུལ་ཡོད་པ། རྒྱབ་རི་སྒྲོལ་མའི་དབྱིབས་འདྲ་བ། རྒྱབ་རི་བྲག་གིས་བསྐོར་བ། གཡོན་རི་ལ་ཆོས་སྐྱོང་རི་ཟེར་བ། ཆུ་བོ་གསུམ་གྱིས་མདུན་ནས་བསྐོར་བ། ཟླ་ཆུའི་ངོགས་སུ་ཡོད་པ། འབྲུ་སྣ་ཚོགས་ཀྱི་འབྱུང་ཁུངས་ཡིན་པ། སྤང་དང་མེ་ཏོག་གི་མཛེས་པ། ཚོང་ར་དང་གྲོང་འཁྱེར་ཡོད་པ་བཅས་དགོས་པས་བྲག་གཡབ་དུ་ཡོད་པ་དེར་ཆུ་བོ་གསུམ་གྱིས་མདུན་ནས་བསྐོར་མེད། ཟླ་ཆུའི་ངོམས་སུ་མེད། གྲྭ་ཤག་གཉིས་སྟོང་ལྷག་བསྐྲུན་ཐུབ་པའི་ས་ཁྱོན་དང་གྱོང་ཤུལ་ཟུར་ཙམ་མེད། སྤང་དང་ནགས་ཚལ་མེད། གྲོང་ཁྱེར་ཆགས་ཐུབ་པའི་ས་ཁྱོན་མེད་པས་ངོས་འཛིན་པར་དཀའ། དགོན་འདིའི་ནང་རྟེན་ནི། སྨར་པས་བཞེངས་པའི་ཚོགས་ཁང་ནང་སྟོན་པའི་སྐུ་བརྙན་སོགས་ཡོད། སྤྱན་སྔ་བས་བཞེངས་པའི་ལྷ་ཁང་ཆེན་མོ་ནང་། སྟོན་པའི་གསེར་སྐུ་ཆེན་མོ། སངས་རྒྱས་སྟོང་སྐུ། མི་འཁྲུགས་པའི་སྟོང་སྐུ། སྨར་པའི་སྐུ་འབུམ། དབུ་རྩེ་བས་ལྷ་ཁང་ཆེན་པོ་རྒྱལ་མཚན་ལ་གསེར་གསོལ། ནང་རྟེན་གསེར་སྐུ་ཆེན་པོའི་ཁྲི་ལ་རྒྱབ་ཡོལ། མི་བསྐྱོད་པའི་ཁྲི་ལ་དངུལ་རྒྱན་སོགས་མཆོད་རྫས་རྣམས་ད་ལྟ་མེད།

{{#arraymap:ཤོ་དགོན་

|; |@@@ | | }}