90489

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ས་གཞན་ན་གནས་པའི་སྤྱོད་པའི་གཞི་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མཚན་ཉིད་ནི། དམན་པར་བྱེད་ཆོས་ལས་ཀྱི་ཆོ་ག་ལ་ལྟོས་ནས་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་དགོས་ཉིད་དུ་གནས་པའོ། །དབྱེ་བ་ལ་གཉིས་ལས། དང་པོ་ཆེ་ལོང་དུ་དབྱེ་བ་ནི། ས་གཞན་ན་གནས་པ་ཉི་ཤུ་རྩ་དྲུག་སྟེ། སྤོ་སྤྱོད་གསུམ་དང་། མགུ་སྤྱོད་གསུམ་དང་། སྤོ་ལྡན་གསུམ་དང་། མགུ་ལྡན་གསུམ་སྟེ་བཅུ་གཉིས་དང་། བསྡིགས་པ་དང་། སྨད་པ་དང་བསྐྲད་པ་དང་ཕྱིར་འགྱེད་པ་དང་། གནས་ནས་ཕྱུང་བ་བདུན་དང་། བསྙིལ་བ་དང་། ངོ་བོ་ཉིད་འཚོལ་བ་དང་། བསླབ་པ་བྱིན་པ་སྟེ་ཉི་ཤུ་རྩ་དྲུག་གོ ། གཉིས་པ་ཞིབ་མོ་རྣམ་གཞག་གི་སྒོ་ནས་དབྱེ་བ་ནི་ས་གཞན་ན་གནས་པ་བཞི་བཅུ་རྩ་བཞི་སྟེ། སྤོ་བ་སྤྱོད་པ་དང་། གཞི་ནས་སྤོ་བ་སྤྱོད་པ་དང་། ཡང་གཞི་ནས་བསླང་ཏེ་སྤོ་བ་སྤྱོད་པ་སྟེ་གསུམ་དང་། མགུ་བ་སྤྱོད་པ་དང་། གཞི་ནས་མགུ་བ་སྤྱོད་པ་དང་། ཡང་གཞི་ནས་བསླང་ཏེ་མགུ་བ་སྤྱོད་པ་སྟེ་གསུམ་དང་། སྤོ་བ་སྤྱད་ནས་མགུ་བ་སྤྱོད་པ་གསུམ་དང་། གཞི་ནས་སྤོ་བ་སྤྱད་ནས་མགུ་བ་སྤྱོད་པ་གསུམ་དང་། ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱད་ནས་མགུ་བ་སྤྱོད་པ་གསུམ་སྟེ་བཅོ་ལྔ་དང་། སྤོ་བ་དང་ལྡན་པ་གསུམ་དང་། མགུ་བ་དང་ལྡན་པ་གསུམ་སྟེ་དྲུག་དང་། སྤོ་བ་སྤྱད་ནས་མགུ་བ་དང་ལྡན་པ་གསུམ་དང་། (གཞི་ནས་སྤོ་བ་སྤྱད་ནས་མགུ་བ་དང་ལྡན་པ་གསུམ་དང་། ) ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱད་ནས་མགུ་བ་དང་ལྡན་པ་གསུམ་སྟེ་སུམ་ཅུ་དང་། སྨད་པ་བཞི་དང་། གནས་ནས་ཕྱུང་བ་བདུན་དང་། བསྙིལ་བ་དང་ངོ་བོ་ཉིད་འཚོལ་བ་དང་། བསླབ་པ་སྦྱིན་པ་སྟེ་བཞི་ཅུ་རྩ་བཞིའོ། །སྒྲ་བཤད་པ་ནི། ས་རང་བཞིན་དུ་གནས་པ་ལ་ལྟོས་ནས་ས་གཞན་ཏེ་དམན་པའི་ས་ན་གནས་པས་ན་ས་གཞན་ན་གནས་པ་ཞེས་བྱའོ། །ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།