90691

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:33, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ས་བཅུ་པ་ཆོས་ཀྱི་སྤྲིན་ (1)
Part of speech མིང་ཚིག
Definition མདོ། དབུ་མ། བཅུ་པའི་ས་ལ་བྱང་ཆུབ་སེམས་དཔའ་དེ་ཡིས་ཕྱོགས་བཅུ་ཀུན་ནས་སངས་རྒྱས་རྣམས་ལས་འོད་ཟེར་ཆེན་པོའི་ཆོས་ཀྱི་རྒྱལ་པོ་དབང་བསྐུར་བ་དམ་པ་ཐོབ་ཅིང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ལྷག་པར་མཆོག་ཏུ་དག་པ་འབྱུང་བར་འགྱུར་བ་ཡིན་ནོ། །ངེས་ཚིག་ནི། ཆར་འབབ་པ་དེ་བཞིན་དུ་འགྲོ་བ་རྣམས་ཀྱི་དགེ་བའི་ལོ་ཐོག་སྤེལ་བའི་ཆེད་དུ་ས་བཅུ་པའི་རྒྱས་སྲས་ལས་ཀྱང་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་དམ་པའི་ཆོས་ཀྱི་ཆར་པ་འབེབ་པས་ས་དེ་ནི་ཆོས་ཀྱི་སྤྲིན་ཞེས་བྱའོ་ཞེས་རོང་སྟོན་གྱི་དབུ་འཇུག་རྣམ་བཤད་ལས་གསུངས་སོ། །
Domain ཆོས་ལུགས།