90784
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། སྒོ་ལྔའི་རྣམ་ཤེས་ཡུལ་ལ་འཇུག་སྐབས་གནས་རྣམ་པ་གསུམ་དུ་ཕྱེ་བའི་ཡ་གྱལ་ཞིག་སྟེ། འདིར་ས་བོན་གྱི་གནས་ཞེས་པ་སྒོ་ལྔས་ཡུལ་བཅད་དེ་ཡུལ་དང་ཤེས་པ་གཉིས་ཀ་འགགས་ནས་ཀུན་གཞི་ལ་བག་ཆགས་བསགས་པའི་རྒྱུ་བྱས་པས་སྔར་མེད་པ་ལས་ཡོད་པར་གྱུར་ཏེ། ཕྱིས་ཀྱི་རྒྱུན་གཞན་ཡང་སྐྱེད་པར་བྱེད་པ་ནི་ས་བོན་གྱི་གནས་སོ། ། ཡང་ན། ཡིད་ཀྱི་རྣམ་ཤེས་ཀྱི་གནས་གསུམ་དུ་བགྲངས་པའི་ཡ་གྱལ་ཞིག་ཡིན་ལ། ས་བོན་ནམ་བག་ཆགས་ཀྱི་གནས་དེ་ནི་ཀུན་གཞི་ཡིན་ཏེ་ཕྱི་རོལ་གྱི་ཡུལ་མང་པོ་བཅད་ནས་ཀུན་གཞི་དེ་ལ་བག་ཆགས་གསོག་པར་བྱེད་པའོ། །འདི་ལ་བག་ཆགས་ཀྱི་གནས་ཞེས་ཀྱང་ཟེར་རོ། ། |
| Domain | ཆོས་ལུགས། |