From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཆ་པར་བཞུགས།
|
ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་རྩྭ་སྔོན་པོ་བརྔ་ཞིང་རྔར་འཇུག་པ་ལས་ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྲོག་ཆགས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ས་བོན་ནམ་ཕྱི་རོལ་གྱི་སྐྱེ་བ་རུང་བའི་ཆོས་དང་མ་འབྲེལ་བར་ཉམས་འདུན་གྱིས་རང་ངམ་བསྐོས་པའི་ཉམས་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་ནི། །ས་བོན་ལྔ་ལས་གང་ཡང་རུང་བའམ་ཕྱི་རོལ་གྱི་སྐྱེ་བ་མཚན་ཉིད་དང་ལྡན་པ་ཡིན་པ་དང་། མ་ཉམས་པ་ཡིན་པ་དང་རུང་བའི་ཆོས་དང་མ་འབྲེལ་བ་དང་གསུམ་སྟེ། ས་བོན་དང་ཁྱིའུ་ཁ་ཐོན་པ་ཞེས་པ་དང་། མ་ཉམས་པ་ཉིད་ལའོ། །རུང་བ་མ་བྱས་པ་དག་གིའོ་ཞེས་བཤད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་ས་བོན་ནམ་སྐྱེ་བ་ཉམས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པའི་ས་བོན་ནམ་སྐྱེ་བ་ཉམས་པར་བྱེད་པར་ཞུགས་པ་སྟེ། རང་ངམ་གཞན་གྱིས་ཀྱང་རུང་ངོ་ཞེས་སོ། །མཐར་ཐུག་ནི་ཉམས་པར་གྱུར་པ་སྟེ། ཉམས་པར་མ་གྱུར་ན་དངོས་གཞི་དག་གོ་ཞེས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་ནི་ཤེས་གཙོའོ། །མ་ཉམས་པ་ཉིད་ལའོ། །ས་བོན་དང་ཁྱེའུ་ཁ་ཐོན་པ་རུང་བར་མ་བྱས་པ་དག་གིའོ། །ཞེས་དང་། ཉམས་པ་གྱུར་པ་ན་དངོས་གཞི་དག་གོ ། ཉམས་པར་བྱས་པའི་གྲངས་དག་གིའོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གིས་དགོས་པ་ཁྱད་པ་ཅན་མེད་བཞིན་དུ་མེ་ལ་སོགས་པ་རུང་བ་མ་བྱས་པ་དག་གི་ས་བོན་དང་མྱུ་གུ་རང་གིས་སམ་གཞན་འཇོམས་སུ་བཅུག་པའི་བཅས་པའི་ཁ་ན་མ་ཐོ་བའོ། །དེས་མཚོན་ནས་དགེ་སློང་གིས་ལྗོན་ཤིང་བཅད་པར་མི་བྱ། ལོ་ཐོག་རྔ་བ་སོགས་མི་བྱ། ཤིང་འབྲས་མ་སྨིན་པ་དཀྲུག་པ་མི་བྱ་སྟེ་སོ་སོའི་གྲངས་དང་མཉམ་པའི་ལྟུང་བྱེད་བསྐྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
|
| Domain
|
ཆོས་ལུགས།
|