91159

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:40, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ས་རྐོ་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། བཀའ་འགྱུར་འདུལ་བ་ཉ་པར་བཞུགས།
ས་རྐོ་བའི་ལྟུང་བྱེད་ (2)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། བཀའ་འགྱུར་འདུལ་བ་ན་པར་བཞུགས།
ས་རྐོ་བའི་ལྟུང་བྱེད་ (3)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ས་བརྐོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྲོག་ཆགས་ལ་གནོད་པ་དང་། དོན་དང་བྱ་བ་མང་བ་དང་། གཞན་དག་མ་དད་པ་སྐྱེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་འཇིག་རྟེན་ལ་གྲགས་པའི་ས་འཐས་པར་གནས་པ་སོར་བཞི་ཡན་ཆད་རང་ངམ་བསྐོས་པས་བརྐོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། འཇིག་རྟེན་ན་གྲགས་པའི་ས་ཡིན་པ། འཐས་པར་གནས་པ་ཡིན་པ་དང་། མ་ཉམས་པ་ཡིན་པ་དང་། འོག་གཞི་དང་འབྲེལ་བ་སྟེ། སའི་སའོ་ཞེས་དང་། གལ་ཏེ་རང་བཞིན་ཅན་ཡིན་ན་དངོས་གཞིའོ་ཞེས་དང་། ཉམས་པ་ཉིད་ལ་ནི་ཕྱེད་ཉིད་དོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ས་བརྐོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་རྐོ་བར་ཞུགས་པའོ། །མཐར་ཐུག་ནི་སོར་བཞི་ཡན་ཆད་བརྐོས་པ་སྟེ། དེའང་ཚུར་ལྷགས་པ་ཡན་ལག་ཏུ་མི་དགོས་ཏེ། ལུང་རྣམ་འབྱེད་ལས་ས་ལ་ཕུར་པ་འདེབས་ན་ལྟུང་བྱེད་དུ་འགྱུར་ཞེས་གསུངས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ས་རྐོ་བའི་ལྟུང་བྱེད་ནི། བརྐོ་འམ་རྐོར་འཇུག་པ་ལའོ། །ཞེས་པས་བསྟན། ངོ་བོ་ནི། དགོས་པ་ཁྱད་པར་ཅན་མེད་བཞིན་དུ་དགེ་སློང་གིས་སྲ་ཞིང་འཐས་པའི་ས་རང་གིས་སམ་གཞན་བརྐོར་བཅུག་པའི་ཁ་ན་མ་ཐོ་བ་ཏེ། གལ་ཏེ་རང་བཞིན་ཅན་ཡིན་ན་དངོས་གཞིའོ། །ཞེས་གསུངས་པའི་ཕྱིར། ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།