91243
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གཅིག་པའི་ལྕགས་མོ་བྱ་ལོའམ་ཕྱི་ལོ་༡༦༨༡ལོར་དེ་སྔ་ཅི་ཙམ་འདས་པའི་ལོ་གྲངས་ནི་༣༨༡༣འདས་པ་ཡིན་ཏེ། རྩིས་གཞུང་རྣམ་འགྲེལ་གསེར་ཤིང་ལས། ཡང་བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་གྱི་ལུགས་ནི། བློ་ལྡན་ཤེས་རབ་འདས་པའི་ཕྱི་ལོ་ལྕགས་སྟག་གི་ལོ་ལ་འདུ་བ་ཆེན་པོ་བྱས་པའི་དུས་སུ་རྩིས་པ་དེ་ནས་ང་བདུན་འདས་པའི་མེ་ཕག་ལ་རྗེ་བཙུན་རྩེ་མོས་ཆོས་ལ་འཇུག་པའི་སྒོ་བརྩམས་པའི་ཚེ་རྩིས་པར་འདས་ལོ་སུམ་སྟོང་སུམ་བརྒྱ་བཞག་ཅིང་། འགའ་ཞིག་འདི་ལས་ལོ་གསུམ་གྱིས་མང་བར་རྩི་བ་ནི་མ་དག་པར་ཤེས་པར་བྱའོ། །ཞེས་རྔོག་ལོ་གཤེགས་པའི་ཕྱི་ལོ་ལྕགས་སྟག་རྩིས་པའི་འདས་ལོ་དེ་སྤྱི་ལུགས་ལས་ལོ་གསུམ་གྱིས་ཉུང་བར་མཛད་དོ། །མེ་ཕག་ནས་ཞེ་དགུ་འདས་པའི་མེ་བྱི་ལ་རྗེ་བཙུན་གྲགས་རྒྱལ་གཤེགས་པའི་ཚེ་འཇམ་དབྱངས་ས་པཎ་གྱིས་རྩིས་ཏེ། མེ་ཕོ་བྱི་བའི་ལོ་འདི་ཡན་ཆད་ལ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་སུམ་བརྒྱ་བཞི་བཅུ་རྩ་དགུ་ལོན་ནོ། །ཞེས་དང། དེ་ལྟར་རྩིས་པའི་ཕྱི་ལོ་མེ་གླང་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་བཞི་བརྒྱ་དང་རེ་བཞི་འདས་པས། འདིའི་ལུགས་ཀྱིས་སྟོན་པ་འདས་ནས་ལྕགས་བྱ་འདི་ཡན་ལ་ལོ་སུམ་སྟོང་བརྒྱད་བརྒྱ་དང་བཅུ་གསུམ་འདས་པར་བཞེད་དོ། །ཞེས་བྱུང་། དེས་ན་ཕྱི་ལོ་༡༦༨༡ནས་ཕྱི་ལོ་༢༠༡༥ལོའི་བར་ལོ་༣༣༤ཡི་བར་ཁྱད་ཡོད་པ་དེ་ལུགས་འདིར་བསྣན་ན་ད་ལྟ་རབ་བྱུང་བཅུ་བདུན་པ་ཤིང་མོ་ལུག་གི་ལོའམ་ཕྱི་ལོ་༢༠༡༥ལོར་དེ་སྔ་ཡན་ཆད་ལ་སྟོན་པ་འདས་པའི་ལོ་གྲངས་༤༡༤༧ལོངས་ཚར་བ་ཡིན་ནོ། ། |
Domain | རྩིས་རིག |
{{#arraymap:ས་སྐྱ་པཎ་ཆེན་ལུགས་ཀྱི་སྟོན་པའི་འདས་ལོ་
|; |@@@ | | }}