91403
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། སྒྲིབ་གཉིས་ཀྱི་མུན་པ་སངས་ཤིང༌། མཁྱེན་གཉིས་ཀྱི་སྣང་བ་རྒྱས་པ་སྟེ། སྒྲིབ་བྲལ་མཁྱེན་བརྩེའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་སོ། ། |
Keyword | True |
Domain | ཆོས་ལུགས། |
{{#arraymap:སངས་རྒྱས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། སངས་རྒྱས་ཞེས་པའི་དོན་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། སངས་ཞེས་པ་ནི་ཉོན་མོངས་པ་སངས་པའོ། །རྒྱས་པ་ནི་ཡེ་ཤེས་རྒྱས་པའོ། ། |
{{#arraymap:སངས་རྒྱས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སངས་ནི་མ་རིག་པ་སངས། རྒྱས་པ་ནི་རིག་པའི་ཡེ་ཤེས་རྒྱས་པའོ། ། |
{{#arraymap:སངས་རྒྱས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སངས་པ་ནི་བྱ་བཙལ་དང་རྩོལ་སྒྲུབ་སངས། རྒྱས་པ་ནི་བྱར་མེད་སྤྲོས་མེད་ཆེན་པོར་རྒྱས། |
{{#arraymap:སངས་རྒྱས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སངས་པ་ནི་གྲུབ་མཐའི་བློས་བཏགས་ཀྱི་ཆོས་རྣམས་སངས། རྒྱས་པ་ནི་བྱར་མེད་བློ་འདས་ཀྱི་ཆོས་རྒྱས། |
{{#arraymap:སངས་རྒྱས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སངས་པ་ནི་སྤངས་པ་ཕུན་སུམ་ཚོགས་པ། རྒྱས་པ་ནི་ཆེ་བའི་བདག་ཉིད་ཡོངས་སུ་རྒྱས་པའོ། ། |
{{#arraymap:སངས་རྒྱས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཉན་ཐོས་ཀྱིས་འཁོར་བའི་སྡུག་བསྔལ་རྣམས་སངས། ཟག་པ་མེད་པའི་བདེ་བ་རྒྱས། རང་སངས་རྒྱས་ནི་རྟེན་འབྲེལ་བཅུ་གཉིས་སངས། རྟེན་འབྲེལ་ལུགས་ལས་ལྡོག་སྟེ་རྣམ་པར་རིག་བྱེད་ཆེན་པོར་རྒྱས། |
{{#arraymap:སངས་རྒྱས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བྱང་ཆུབ་སེམས་དཔའི་ཐེག་པས་ཀུན་རྫོབ་ཀྱི་བདེན་པ་སངས། དོན་དམ་གྱི་བདེན་པ་རྒྱས། |
{{#arraymap:སངས་རྒྱས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས་ཀྲི་ཡས་དྲི་མ་རྣམ་པ་གསུམ་སངས། དག་པ་ཆོས་ཉིད་ཀྱི་དོན་རྒྱས། |
{{#arraymap:སངས་རྒྱས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཨུ་པ་ཡས་སྣང་བའི་འཁྲུལ་པ་སངས། རིགས་གསུམ་གྱི་ལྷར་རྒྱས། |
{{#arraymap:སངས་རྒྱས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཡོ་གས་སྐྱེ་འགག་རྣམ་བཞི་སངས། རིགས་ལྔའི་ལྷའམ་ཡོ་གའི་ལྷ་སུམ་ཅུ་རྩ་གཉིས་རྒྱས། |
{{#arraymap:སངས་རྒྱས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མ་ཧཱ་ཡོ་གས་ཕུང་པོ་ལྔ་སངས། རིགས་ལྔ་རྒྱས། |
{{#arraymap:སངས་རྒྱས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཨ་ནུ་ཡོ་གས་དུག་ལྔ་སངས། ཡེ་ཤེས་ལྔར་རྒྱས། |
{{#arraymap:སངས་རྒྱས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཨ་ཏི་ཡོ་གས་སྣང་སྲིད་ཀྱི་ཆོས་ཐམས་ཅད་མ་སྤངས་ལ་མི་གནས་པས་སངས། མ་འགགས་ལ་མི་དམིགས་པས་རྒྱས་པའོ། །སྤྱི་ཏིས་བྱ་རྩོལ་དང་ཞེ་འདོད་རྣམས་སངས། བྱར་མེད་ཞེ་འདོད་མེད་པར་རྒྱས་པའོ། །ཞེས་གསུངས་སོ། ། |
Synonyms | ཀུན་གཟིགས། རྣམ་མཁྱེན། ཐམས་ཅད་མཁྱེན་པ། ཐམས་ཅད་རྟོགས། ཐམས་ཅད་གཟིགས་པ། མནྟ་བྷ་དྲཿ། ནམ་མཁའ་མཚུངས། ཛི་ནཿ། རྒྱལ་དབང་། ཀུན་གཟིགས་དབང་པོ། ཤཱསྟ། འཇིག་རྟེན་མཁྱེན། བུདྡྷ། རྫོགས་སངས་རྒྱས། ཡོངས་སུ་འདྲེན་པ། རྣམ་འདྲེན། འདྲེན་པ་གཙོ་བོ། མགོན་པོ། འཇིག་རྟེན་གཙོ་བོ། མི་ཡི་དབང་ཕྱུག མི་མཆོག ཁྱུ་མཆོག འགྲོ་བ་འདུལ། སྐྱེས་བུའི་ཁ་ལོ་བ། ཆགས་བྲལ། སྡིག་བཅོམ། ཁ་ན་མ་ཐོ་བ་མི་མངའ་བ། ཐམས་ཅད་སྐྱོབ། སྐྱབས་དམ་པ། སྐྱབས་འོས། སྲུང་མཛད། བསྙེང་པ་མི་མངའ་བ། བདུད་ལས་རྒྱལ། བདུད་བཞི་བཅོམ་པ། བདུད་ཐུལ། བདུད་ཟིལ་གྱིས་ནོན་པ། བདུད་ཀྱི་དགྲ། བདུད་ཀྱི་བདུད། བྷ་ག་བཱན། ཆོས་ཀྱི་དབང་ཕྱུག ཆོས་ཀྱི་རྗེ། ཆོས་བདག འགྲོ་བ་འདུལ་དང་། འཇིག་རྟེན་འདུལ། ཐམས་ཅད་འདུལ། ཐམས་ཅད་སྒྲོལ། འགྲོ་བའི་བླ་མ། ལྷ་མིའི་སྟོན་པ། གཉིས་མེད་གསུང་བ། ལྷའི་བླ་མ། ལྷ་ཡི་ཡང་ལྷ། སྟོབས་བཅུ་མངའ་བ། སྟོབས་ཆེན་ལྡན། སྟོབས་ཆེན་པ། ཐུབ་པ་ཆེ། ཐུབ་པ་ཆེན་པོ། སྡིག་བཅོམ། ཉེས་གསུམ་བཅོམ་པ། ཆགས་བཅོམ། ཆགས་བྲལ། ཏ་ཐཱ་ག་ཏ། ལེན་པ་མི་མངའ་བ། མངའ་བདག རྣམ་མཛེས། རྣམ་པར་གྲགས་པ། ཁ་ལོ་སྒྱུར་བ། བྱམས་པའི་སྟོབས་མངའ་བ། ཐུགས་རྗེ་མཛད་པ། སྐྱེས་བུའི་སེང་གེ སྐྱེས་བུའི་ཁྱུ་མཆོག མི་མཆོག མི་ཡི་དབང་ཕྱུག མུན་བཅོམ། རྩོད་མེད། ཟླ་མེད་པ། ཚད་མས་འཇལ་བ། ཚད་མས་གཟིགས་པ། སྡིག་པ་ཞི་བ། ཡོན་ཏན་འབྱུང་གནས། ཡོན་ཏན་ཀུན་ལྡན། ཤིན་ཏུ་ངེས་པ། བདེ་གཤེགས། བདེ་བ་བརྙེས་པ། ནད་མི་མངའ་བ། ས་བཅུར་སོན། སྲིད་པ་མཐར་བྱེད། དྲི་མ་མེད། དྲི་མ་མི་མངའ་བ། རྡུལ་བྲལ། གཙང་བ། ཀུན་མཁྱེན། ཀུན་ཏུ་བཟང་པོ། ཀུན་འདྲེན། རྐང་གཉིས་གཙོ་བོ། སྐུ་གསུམ་པ། སྐྱེས་བུ་འདུལ་བ། སྐྱོན་བསལ། སྐྱོབ་པ། ཁྱབ་བདག མཁའ་མཉམ་པ། མཁྱེན་ལྔ་པ། དགེ་བའི་འབྱུང་གནས། དགྲ་ལས་རྒྱལ། འགྲོ་བའི་སྒྲོན་མེ། རྒྱལ་བ། རྒྱལ་བའི་དབང་པོ། མངོན་ཤེས་དྲུག་ལྡན། བཅོམ་ལྡན་འདས། ཆོ་འཕྲུལ་གསུམ་ལྡན། ཆོས་ཀྱི་རྒྱལ་པོ། མཆོག་སྦྱིན། འཇིག་རྟེན་མགོན་པོ། འཇིག་རྟེན་རྒྱལ། འཇིག་རྟེན་འདུལ། འཇིག་རྟེན་འདྲེན་པ། འཇིག་རྟེན་མིག གཉིས་མེད་པ། སྟོན་པ། སྟོབས་བཅུ་པ། ཐུབ་དབང་། དུག་བཅོམ་པ། དུས་གསུམ་མཁྱེན་པ། དེ་བཞིན་གཤེགས་པ། དྲང་སྲོང་ཆེན་པོ། དྲན་པའི་དགྲ། བདག་གི་བ་མེད་པ། བདག་ཉིད་ཆེན་པོ། རྡོ་རྗེ་ཅན། རྣམ་རྒྱལ་མངའ་བ། དཔལ་སྟུག ཕ་རོལ་ཕྱིན་བཅུ་འཆང་བ། དུས་གསུམ་ལམ་སྟོན། བྱང་ཆུབ་པ། བླ་ན་མེད་པ། བྱམས་ཆེན་ལྡན་པ། མི་མཉམ་པ། མི་ཡི་སེང་གེ མུན་པ་འཇོམས། སྨྲ་བའི་སེང་གེ རྩོད་བྲལ། ཚད་མའི་སྐྱེས་བུ། ཚད་མས་རྟོགས་པ། ཞི་བར་མཛད་པ། འོག་མིན་བཞུགས། ཡང་དག་པ། ཡེ་ཤེས་གཟིགས་པ། ཡོན་ཏན་རྒྱ་མཚོ། རབ་རིབ་མི་མངའ་བ། རབ་ཏུ་གཤེགས་པ། རིག་པ་གསུམ་པ། ལུས་མེད་ཐུལ། ལེགས་གསུང་། ས་བཅུ་དབང་ཕྱུག སྲིད་མཐར་སོན་པ། དྲི་མ་གསུམ་སྤངས། བསིལ་བར་གྱུར་པ། |
{{#arraymap:སངས་རྒྱས་
|; |@@@ | | }}