91444

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་ནི། སོ་སོ་ཡང་དག་པར་རིག་པ་དང། བརྟེན་དང། དམིགས་པ་དང། ཐུགས་དང། ཡེ་ཤེས་ཡོངས་སུ་དག་པ་བཞི་དང། ཚེ་ལ་དབང་བ་དང། སེམས་དང། ཡོ་བྱད་དང། ལས་དང་། སྐྱེ་བ་དང། མོས་པ་དང། སྨོན་ལམ་དང། རྫུ་འཕྲུལ་དང། ཡེ་ཤེས་དང། ཆོས་ལ་དབང་བ་སྟེ་དབང་བཅུ་དང། སྟོབས་དབང་བཅུ་དང། མི་འཇིགས་པ་བཞི་དང། སྐུ་དང། གསུང་དང། ཐུགས་ཀྱི་སྤྱོད་པ་བསྲུང་བ་མེད་པ་གསུམ་དང། ཆོས་གུས་པས་ཉན་པ་ལ་ཆགས་པ་དང། མ་གུས་པ་ཁོ་ནས་ཉན་པ་ལ་ཞེ་སྡང་དང། ཕྱེད་གུས་ཕྱེད་མ་གུས་པས་ཉན་པ་ལ་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་སུ་དྲན་པ་ཉེར་བར་བཞག་པ་གསུམ་དང། སེམས་ཅན་གྱི་དོན་ལ་སྐད་ཅིག་ཀྱང་བསྙེལ་བ་མི་མངའ་བའི་ཆོས་ཀྱི་མཚན་ཉིད་ཅན་དང། སྒྲིབ་གཉིས་བག་ཆགས་དང་བཅས་པ་བཅོམ་པའི་ཡེ་ཤེས་དང། སྐྱེ་བོ་ཀུན་ལ་ཉིན་མཚན་ལན་དྲུག་ཏུ་གཟིགས་པའི་ཐུགས་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་བཅས་པས་བྱང་ཕྱོགས་སོ་བདུན་ནས་འདིའི་བར་ལ་ཟག་མེད་ཀྱི་སྡེ་ཚན་ཉེར་གཅིག་ཡོད་དོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།
སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ (2)
Part of speech མིང་ཚིག
Definition མཚན་ཉིད་ནི། སངས་རྒྱས་ཀྱི་ཡོན་ཏན་གང་ཞིག རང་གི་རིགས་འདྲ་སེམས་ཅན་གྱི་རྒྱུད་ལ་མི་ལྡན་པ་དེ་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་མཚན་ཉིད། དེ་ལ་དབྱེ་ན། སྡེ་ཚན་བཞིར་བཤད་དེ། སྟོབས་བཅུ་དང་། མི་འཇིག་པ་བཞི་དང་། དྲན་པ་ཉེར་གཞག་གསུམ་དང་། ཐུགས་རྗེ་ཆེན་པོ་དང་བཞིར་བཤད་པའི་ཕྱིར་ཏེ། སངས་རྒྱས་ཆོས་ནི་མ་འདྲེས་པ། །སྟོབས་ལ་སོགས་པ་བཅོ་བརྒྱད་དོ། །ཞེས་གསུངས་པའི་ཕྱིར། འདིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། སྟོབས་བཅུ་སོགས་ལ་འཇོག་པ་ནི་གཞུང་ལུགས་གཞན་ནས་བཤད་པ་དང་མི་མཐུན་ཡང་མངོན་པའི་མདོའི་དགོངས་པ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། མ་རིག་པའི་གཉིད་སངས་པ་དང་ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་སངས་རྒྱས་ཀྱིས་ཟད་པ་མཁྱེན་པའི་ཚེ་བརྙེས་པའི་ཡོན་ཏན་གྱི་ཆོས་ཉན་ཐོས་ལ་སོགས་པ་གཞན་དང་ཐུན་མོང་མ་ཡིན་པས་མ་འདྲེས་པའི་སྟོབས་བཅུ་དང་སོགས་པའི་སྒྲས་གཟུང་བ་མི་འཇིགས་པ་བཞི་དང་དྲན་པ་ཉེར་གཞག་གསུམ་དང་ཐུགས་རྗེ་ཆེན་པོ་སྟེ་བཅོ་བརྒྱད་དོ། །མདོ་གཞན་ལས་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་ལ་སོགས་པ་བཅོ་བརྒྱད་གསུངས་པ་ནི་མདོ་སྡེའི་རྒྱན་དུ། སྤྱོད་པ་དང་ནི་རྟོགས་པ་དང་། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བཞིར་བསྡུས་པ་ནི་ཐེག་པ་གོང་མ་པའི་ལུགས་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །