91455

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སངས་རྒྱས་ཀྱི་བསྟན་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྟོན་པས་གསུངས་པའི་བསྟན་པ་དམ་ཆོས་ཏེ། དེ་ལ་དབྱེ་ན། ལུང་གི་བསྟན་པ་དང་། རྟོགས་པའི་བསྟན་པ་གཉིས་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ཞེས་པ་ནི། ལུང་གི་བསྟན་པ་སྡེ་སྣོད་གསུམ་དང༌། རྟོགས་པའི་བསྟན་པ་ལྷག་པའི་བསླབ་པ་གསུམ་དུ་འདུ་ལ། ཞེས་གསུངས། དོན་གཅིག་ལ། སངས་རྒྱས་ཀྱི་བསྟན་པ་དང་། དམ་པའི་ཆོས་སོ། །
Domain ཆོས་ལུགས།