91464

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སངས་རྒྱས་ཀྱི་བྱིན་གྱིས་བརླབས་མངོན་པར་སྒྲུབ་པ་མཁྱེན་པ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ ཆོས་ཐམས་ཅད་ལ་མི་གནས་པར་འཇུག་ཅིང་སྨོན་ལམ་མངོན་པར་སྒྲུབ་པ་མཁྱེན་པ། ༢ ལུས་མེད་པའི་ལུས་མངོན་པར་སྒྲུབ་པ་མཁྱེན་པ། ༣ ཆོས་ཐམས་ཅད་གཉིས་སུ་མེད་པས་མངོན་པར་རྫོགས་པར་བྱང་ཆུབ་པར་སྒྲུབ་པ་མཁྱེན་པ། ༤ སེམས་ཅན་བདག་མེད་པའི་མཐར་གྱུར་པ་ལ་སེམས་ཅན་འདུལ་བ་མངོན་པར་སྒྲུབ་པ་མཁྱེན་པ། ༥ ཆོས་ཐམས་ཅད་མཚན་མ་མེད་པ་ལ་མཚན་མ་སྣ་ཚོགས་མངོན་པར་སྒྲུབ་པ་མཁྱེན་པ། ༦ འཇིག་རྟེན་གྱི་ཁམས་ཀྱི་ཡུལ་ཐམས་ཅད་མ་ལུས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྡུད་པ་དང༌། འགྱུར་བ་མངོན་པར་སྒྲུབ་པ་མཁྱེན་པ། ༧ ཡུལ་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་ཅིང་ལས་ཀྱི་རྣམ་པར་སྨིན་པ་མངོན་པར་སྒྲུབ་པ་མཁྱེན་པ། ༨ ཆོས་ཐམས་ཅད་བརྗོད་དུ་མེད་པའི་དབྱིངས་སུ་མངོན་པར་སྒྲུབ་པ་མཁྱེན་པ། ཀུན་ནས་ཉོན་མོངས་པའང་མ་ཡིན། ༩ རྣམ་པར་བྱང་བའང་མ་ཡིན་པར་མངོན་པར་སྒྲུབ་པ་མཁྱེན་པ། ༡༠ ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་སྐྱེ་ཞིང་འགོད་པའི་མཚན་ཉིད་རྐྱེན་དང༌། འདུ་བ་ཚོགས་ཏེ་བྱུང་བ་མངོན་པར་སྒྲུབ་པ་མཁྱེན་པའོ། །
Domain ཆོས་ལུགས།