91468
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གནས་པ་ཏིང་ངེ་འཛིན་དུ་རྒྱས་པས་དངོས་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་མཐོང་བ། ངོ་བོ་སྐུར་རྒྱས་པས་སྐུ་གསུམ་གྱིས་བསྡུས་པའི་སྣང་བ་མཐོང་བ། མཁྱེན་པ་ཡེ་ཤེས་སུ་རྒྱས་པས་སྔར་གྱི་མངོན་པར་ཤེས་པ་དེ་དག་དུས་གཅིག་ཏུ་མཐོང་བ། མཛད་པ་འཕྲིན་ལས་སུ་རྒྱས་པས་སྤྲུལ་སྐུའི་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན། ཆོས་ཉིད་འགག་པ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་མངོན་ཤེས་ཀྱིས་ཤེས་བྱ་ལ་སྲིད་ཚད་མཐོང་བ། མཚན་མ་ཡང་དག་པའི་ཡེ་ཤེས་ཀྱི་མངོན་ཤེས་ཀྱིས་ཆོས་དང་ཆོས་ཉིད་མ་ལུས་པའི་རང་བཞིན་མངོན་དུ་གྱུར་པའོ། ། |
| Domain | ཆོས་ལུགས། |