91498

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སངས་རྒྱས་ཀྱི་ཡང་དག་པར་བརྗོད་པ་གནས་བཅུ་ (1)
Part of speech མིང་ཚིག
Definition དཀོན་མཆོག་ཏ་ལ་ལའི་གཟུངས་ཀྱི་མདོ་ལས་བྱུང་བ་སྟེ། དུས་གསུམ་ཤེས་པ། སངས་རྒྱས་ཀྱི་ཆོས་ཤེས་པ། ཆོས་ཀྱི་དབྱིངས་དབྱེར་མེད་པ་ཤེས་པ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཤེས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་དགང་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱེད་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་བྱིན་གྱིས་བརླབ་པ། སེམས་ཅན་ཐམས་ཅད་ཡོངས་སུ་ཤེས་པ། ཆོས་ཐམས་ཅད་མངོན་པར་ཤེས་པ། སངས་རྒྱས་ཀྱི་ཡེ་ཤེས་མཐའ་ཡས་པ་བརྗོད་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཤས་ཆེར་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་ཕྱིར་ཏེ། འདི་ནི་དབང་བསྐུར་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པའོ། །
Domain ཆོས་ལུགས།