91683

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སངས་རྒྱས་འོད་མཐའ་ཡས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག སངས་རྒྱས་ཤིག་གི་མཚན་ཡིན། མདོ་དགོངས་པ་འདུས་པ་ལས་གསུངས་པ་ལྟར་སྔོན་འདས་པའི་སྒྲོན་མའི་བསྐལ་པ་མཐའ་ཡས་ཞེས་བྱ་བ་དེར་སངས་རྒྱས་སུམ་ཁྲི་ལྔ་སྟོང་བྱོན་པའི་མཐའ་མ་ནི་སངས་རྒྱས་འོད་མཐའ་ཡས་འདི་ཡིན་པར་གསུངས། སྟོན་པ་དེ་ནི་བདག་ཅག་གི་སྟོན་པ་བཞིན་དུ་མྱ་ངན་ལས་འདའ་ཁར་འཁོར་རྣམས་ལ། ང་འདས་པའི་འོག་ལོ་བརྒྱ་ཕྲག་གཅིག་གི་རྗེས་གསང་སྔགས་གསང་བ་དམ་པ་སྣང་བར་འགྱུར་རོ་ཞེས་ལུང་བསྟན་མཛད་པའི་ཚུལ། གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ཡང་སྟོན་པ་ང་ནི་མྱ་ངན་ལས་འདས་ནས་མི་སྣང་བ་ན་ལོ་བརྒྱ་ཕྲག་གཅིག་སོང་བ་ན་གསང་བ་མཆོག་གི་དོན་ཟབ་མོ་འཇིག་རྟེན་དུ་ཡོངས་སུ་སྣང་བར་འགྱུར་ཏེ། དུས་དེར་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དྲག་ཤུལ་ཅན་གྱིས་གསལ་བར་འབྱིན་ཅིང་སྟོན་པར་བྱེད་དོ་ཞེས་ལུང་བསྟན་པར་མཛད་དོ། །ཞེས་གསུངས་སོ། །
Domain ཆོས་ལུགས།