91684

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སངས་རྒྱས་འོད་ཟེར་དཔལ་ (1)
Part of speech མིང་ཚིག
Definition རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། འོད་ཟེར་འབྱུང་བའི་ཞིང་ཁམས་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་རང་བཞིན་གྱིས་ཞིང་ལ་འོད་འཁྲིགས་པས་འོད་ཟེར་འབྱུང་བ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་འོད་ཟེར་དཔལ་ཞེས་བྱ་བར་བསྟན་ནས། སངས་རྒྱས་རྣམས་ཀྱི་དགོངས་པ་འདི། །ཤེས་ནས་དེ་ལ་གང་གནས་པ། །རང་རིག་ཉིད་ལ་དབང་ཐོབ་པའི། །དེ་བཞིན་རིགས་ཆེན་འཛིན་པ་ཉིད། །ཅེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། །
Domain ཆོས་ལུགས།