91686

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སངས་རྒྱས་ཡར་བྱོན་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་གསུམ་པ། ཕྱི་ལོ་ ༡༢༠༣ ལོར་གཡང་ཤོད་བོང་ར་སྟེང་ཀ་རུ་གྭ་ཟིའི་རིགས་སུ་སྐུ་བལྟམས། ཐང་སྐྱ་རུ་རབ་ཏུ་བྱུང་བའི་མཚན་ལ་ཤེས་རབ་བླ་མ་ཞེས་གསོལ། ཕྱི་ལོ་ ༡༢༢༧ ལོར་དབུས་སུ་བྱོན་པའི་ལམ་བར་རག་ཤིས་བཀག་བཅོམ་བྱེད་དུ་བྱུང་ཡང་མ་ནུས་པར་ད་ལོ་སངས་རྒྱས་ཡར་ལ་བྱོན་ཟེར་བས་མཚན་ལའང་དེ་ལྟར་ཐོག་པར་གྲགས། ཕྱི་ལོ་ ༡༢༢༢ ལོར་མཁན་པོ་གཙང་པ་སོགས་ལས་བསྙེན་པར་རྫོགས། ཕྱི་ལོ་ ༡༢༣༦ ལོར་སྟག་ལུང་པའི་གདན་སའི་ཁྲིར་བཞུགས། སྔོན་གྱི་ཆོས་རྗེའི་རྣམ་ཐར་བཅུ་གསུམ་སྟེང་། གླིང་གི་འདུལ་ཁྲིམས་བཅུ་གསུམ་དང་། ཚོགས་ཀྱི་བཅའ་བ་བཅུ་གསུམ་བཅས་བསྣན་པར་མཛད་ནས་སྟག་ལུང་པའི་རྣམ་ཐར་སོ་དགུ་ཞེས་པ་གཏན་ལ་ཕབས་ཤིང་། དགོན་གནས་ཤིན་ཏུ་དར་རྒྱས་མཛད། མཐར་ཕྱི་ལོ་ ༡༢༢༧༢ ལོར་སྐུ་གཤེགས། བུ་སློབ་ལ་འཕྲིན་ལས་ཀྱི་བཀའ་བབ་དབོན་པོ་རྣམ་གཉིས། ཐུགས་ཟིན་གྱི་སྲས་བཞི། སྒོམ་རོ་གཅིག་གི་རྟོགས་པ་ཤར་བ་སྟོང་ཕྱེད་ལྔ་བརྒྱ། རླུང་སེམས་ལས་སུ་རུང་བ་ཕྱེད་དང་ཉིས་སྟོང་། བདེ་དྲོད་རང་ངོ་འཕྲོད་པ་ཉིས་སྟོང་བརྒྱད་བརྒྱ། འདུས་པ་རིན་པོ་ཆེ་སུམ་སྟོང་དྲུག་བརྒྱ་ཞེས་པ་དག་བྱུང་ཞིང་། དེ་དག་ལས་འབྲིང་ཀོང་གཉིས་སྟེ། འབྲིང་སྟོན་ཤཱཀྱ་རིན་ཆེན་དང་ཀོང་པོ་དར་ཤེ། དབོན་པོ་གཉིས་སྟེ་མངྒ་ལ་གུ་རུ་དང་གྲགས་པ་དཔལ་འོད་ཟེར་བཟང་པོའམ་ཡོངས་གྲགས་སུ་སངས་རྒྱས་དབོན་འབོད་པ་བཞི་ནས་གཙོ་བོའོ།།