91704

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སངས་རྒྱས་རྗེས་སུ་དྲན་པ་མཐར་གྱིས་པའི་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། དྲན་པ་ཉེར་གཞག་སོགས་ཀྱི་ལམ་གསུམ་དོན་དམ་པར་དྲན་པ་མེད་ཅིང་ཀུན་རྫོབ་ཏུ་མཚན་ཉིད་རྗེས་སུ་དྲན་པའི་སྒོ་ནས་བརྟན་པ་ཐོབ་པའི་ཆེད་དུ་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་རོ། །ས་མཚམས་ནི། འཕགས་པ་ལྟར་ན་ཐེག་ཆེན་གྱི་ཚོགས་ལམ་ན་ཡོད་ཅིང། སློབ་དཔོན་ལྟར་ན་ཐེག་ཆེན་གྱི་དྲོད་སྐད་ཅིག་གཉིས་པ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྗོད་པར་བྱེད་པ་དྲན་པ་ཉེར་བཞག་སོགས་ཀྱི་མིང་དང། མཐོང་ལམ་རྗོད་པར་བྱེད་པ་བྱང་ཆུབ་ཡན་ལག་གི་རྣམ་པ་ཞེས་པ་དང། སྒོམ་ལམ་རྗོད་པར་བྱེད་པ་འཕགས་ལམ་ཡན་ལག་བརྒྱད་ཀྱི་རྣམ་པ་ཞེས་པའི་མིང་གིས་བསྟན་པ་དག་གོ ། འདི་གསུམ་སློབ་དཔོན་གྱིས་མཐར་གྱིས་བྱ་བ་ལ་སོགས་གསུམ་གྱི་དོན་དུ་འདོད་པར་མངོན་ནོ། །ལམ་གསུམ་དོན་དམ་པར་དྲན་པ་མེད་ཅིང་ཀུན་རྫོབ་ཏུ་མཚན་ཉིད་ཀྱི་སྒོ་ནས་རྗེས་སུ་དྲན་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ལམ་དྲན་པས་སངས་རྒྱས་སུ་དྲན་པར་ཇི་ལྟར་འགྱུར་ཞེ་ན། སངས་རྒྱས་ནི་རྒྱུ་འདི་དག་ལས་སྐྱེས་སོ་ཞེས་རྒྱུའི་སྒོ་ནས་རྗེས་སུ་དྲན་པའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། སངས་རྒྱས་རྗེས་སུ་དྲན་པའི་སྒོ་ནས་སྐྱེ་མེད་གསུམ་གྱི་ཤེས་རྣམ་ལ་བརྟན་པ་ཐོབ་པའི་ཕྱིར་དུ་སློབ་པའི་སེམས་དཔའི་རྣལ་འབྱོར་དེ། སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བའི་མཚན་ཉིད་དོ་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།