91713

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སངས་རྒྱས་རྣམས་ཀྱི་གཞན་གྱི་རྐྱེན་གྱིས་འབྱུང་བ་ཁོང་དུ་ཆུད་པར་བྱ་བ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ། ༡ ཆོས་ཀྱི་འབྲས་བུའི་ཕྱིར་བག་ཡོད་པའི་ས་བོན། ༢ ཁ་ན་མ་ཐོ་བ་མེད་པའི་ཕྱིར་ཤེས་རབ་དང་ཐབས་ཀྱིས་བསྐྱེད་པ། ༣ ལེགས་པར་འགྲོ་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྐང་པ། ༤ བདུད་རྩིའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་འཚོ་བའི་དབང་པོ། ༥ ལས་ལེགས་པར་བྱེད་པའི་ཕྱིར་ཞི་གནས་དང་། ལྷག་མཐོང་གི་ལག་པ། ༦ མེ་ལོང་ལྟ་བུའི་ཡེ་ཤེས་ཕུན་སུམ་ཚོགས་པའི་ཕྱིར་ལས་ཀྱི་རྣམ་པར་སྨིན་པ་འཇུག་པའི་མིག། ༧ ལེགས་པར་ཞུགས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྒྲུབ་པའི་ལྟེ་བ། ༨ ནན་ཏན་སྙིང་པོར་བྱེད་པའི་ཕྱིར་བསྡུ་བའི་དངོས་པོའི་སྒལ་ཚིགས། ༩ རྣམ་པར་མི་རྟོག་པའི་ཕྱིར་སྟོང་པ་ཉིད་བསྒོམ་པའི་ཡན་ལག་གི་དམ་པ་མགོ ། ༡༠ སེམས་ཅན་ཐམས་ཅད་ཀྱི་བྱའོ་ཅོག་མི་འདོར་བའི་ཕྱིར་ཡིད་མ་བསད་ཅིང་སྐྲག་པ་མེད་པ་སྤྲོ་བའོ། །
Domain ཆོས་ལུགས།